ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་ཕུར་བུ། ༢༠༢༤/༠༣/༢༨

རྒྱ་གར་ལ་ཐན་པ།


ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།

དེང་སྐབས་རྒྱ་གར་ལ་ཚ་དྲོད་ཆེ་བའི་སྐབས་འདིར་ས་གནས་མང་པོར་ འཐུང་ཆུ་དཀོན་པའི་དཀའ་ངལ་འཕྲད་ཀྱི་ཡོད་པ་དང་། ད་དུང་དེའི་ཁར་མི་འབོར་ས་ཡ་༣༣༠་ཙམ་ཞིག་ལ་ཐན་པའི་དཀའ་ངལ་འཕྲད་ཀྱི་ཡོད་ཅིང་། རྒྱ་གར་ལ་ཚ་དྲོད་རྒྱས་པ་དང་ཆུ་དཀོན་པ་དཀའ་ངལ་ཚབས་ཆེན་ཞིག་ལ་འགྱུར་གྱི་ཡོད་པ་འདིས་རྒྱ་གར་གྱི་ཞིང་པ་ཚོར་དམིགས་བསལ་གྱི་དཀའ་ངལ་ཆེ་བ་ཞིག་འཕྲད་ཀྱི་ཡོད་པ་དང་། ད་ལོ་ཚ་དྲོད་ཆེ་བའི་དཀའ་ངལ་གྱིས་མི་དང་ཕྱུགས་ཟོག་མང་པོ་ཞིག་འཆི་སྲིད་པའི་གནས་སྟངས་ཤིག་ཏུ་གྱུར་ཡོད་པར་བརྟེན། རྒྱ་གར་གྱི་འབྲེལ་ཡོད་དཔོན་རིགས་ཚོས་ཐན་པའི་ཛ་དྲག་གི་དཀའ་ངལ་འདི་ཚབས་ཆེ་རུ་མི་འགྱུར་བའི་འབད་རྩོན་བྱེད་ཀྱི་ཡོད་པ་རེད།།

XS
SM
MD
LG