ངོ་འཕྲད་བདེ་བའི་དྲ་འབྲེལ།

ཕྱི་ཟླ་༡༠་ཚེས་༢༢་ནས་ཚེས་༢༣་བཅས་དུས་ཡུན་ཉི་མ་གཉིས་ལ་རྒྱ་གར་གྱི་སྲིད་བློན་མན་མོ་ཧན་སིང་རྒྱ་ནག་འཚམས་འདྲིར་ཕེབས་ཏེ། ཉེ་བའི་ལོ་ཤས་ཤིག་ནས་བོད་ཀྱི་ས་མཚམས་ཁག་ཏུ་རྒྱ་དཀར་ནག་གི་མཐའ་མཚམས་སྲུང་དམག་འཁྲུག་རྩོད་འབྱུང་གི་ཡོད་པ་འགོག་ཐབས་ཀྱི་གྲོས་མཐུན་ཞིག་འཇོག་རྒྱུ་དང་། འདས་པའི་ལོ་མང་རིང་རྒྱ་དཀར་ནག་གཉིས་ལ་ས་མཚམས་ཀྱི་རྩོད་གཞི་ཡོད་པ་སེལ་ཐུབ་པའི་གྲོས་མོལ་བྱ་འཆར་ཡོད་ཀྱང་། རྒྱ་དཀར་ནག་གི་ཕྱི་འབྲེལ་མི་སྣ་ཚོས་སྲིད་བློན་མན་མོ་ཧན་སིང་གི་འཚམས་འདྲི་འགོ་མ་ཚུགས་གོང་། ཁོ་ཚོས་ཕྱོགས་གཉིས་ཀྱི་ས་མཚམས་ཁག་ལ་འཁྲུག་རྩོད་འབྱུང་གི་ཡོད་པ་འགོག་ཐུབ་པའི་གྲོས་མཐུན་ཞིག་གི་ཞིབ་ཆ་ཁག་ལ་གྲོས་བསྡུར་བྱས་ཏེ། སྲིད་བློན་མན་མོ་ཧན་སིང་དང་རྒྱ་ནག་གི་སྲིད་བློན་ལི་ཁེ་ཆང་གཉིས་ཐུག་འཕྲད་གྲོས་མོལ་བྱེད་པའི་མཛད་སྒོའི་སྐབས་སུ་གྲོས་མཐུན་དེར་མིང་རྟགས་འགོད་ཐུབ་པའི་འབད་བརྩོན་བྱེད་ཀྱི་ཡོད་པ་རེད།།
XS
SM
MD
LG