ངོ་འཕྲད་བདེ་བའི་དྲ་འབྲེལ།

རྒྱ་གར་དང་རྒྱ་ནག་གཉིས་ཀྱི་སྤྱི་ཁྱབ་དམག་སྒར་ཁང་གཉིས་ལ་ཕན་ཚུན་ཐད་གཏོང་ཁ་པར་འཛུགས་རྒྱུའི་གྲོས་མོལ་ལ་ཡར་རྒྱས་གང་འཚམས་ཤིག་བྱུང་འདུག་ཅིང་། འདི་ནི་རྒྱལ་ཁབ་གཉིས་ཀྱི་ས་མཚམས་སྲུང་སྐྱོབ་ཀྱི་ལས་དོན་བཟང་དུ་གཏོང་ཐབས་ཀྱི་ཐབས་ཤེས་ཤིག་ཡིན་པ་དང་། རྒྱ་གར་གྱི་རྒྱལ་སྲུང་བློན་ཆེན་མ་ནོ་ཧར་པ་ནི་ཀར་གྱིས་རྒྱ་ནག་གི་རྒྱལ་ས་པེ་ཅིང་དུ་རྒྱ་ནག་གི་རྒྱལ་སྲུང་བློན་ཆེན་ཀྲང་ཝན་ཆུན་དང་གྲོས་མོལ་བྱས་པའི་རྗེས་སུ་གསར་འགོད་པར་བཤད་དོན། ས་མཚམས་སྲུང་སྐྱོབ་ཀྱི་ལས་དོན་བཟང་དུ་གཏོང་ཆེད་རྒྱ་ནག་དང་རྒྱ་གར་གྱི་དམག་དོན་དཔོན་རིགས་ཚོས་ཐད་ཀར་ཕན་ཚུན་འབྲེལ་བ་བྱེད་པའི་ཁ་པར་འཛུགས་རྒྱུར་རྒྱ་ནག་གིས་བཟང་ཕྱོགས་ཀྱི་རྣམ་འགྱུར་བསྟན་སོང་ཞེས་འགྲེལ་བརྗོད་བྱས་པ་དང་། ད་ཐེངས་ཀྱི་ཐུག་འཕྲད་གྲོས་མོལ་གྲུབ་རྗེས་སུ་རྒྱ་གར་གྱི་རྒྱལ་སྲུང་བློན་ཆེན་གྱིས་གསར་འགོད་པ་ཚོར་རྒྱལ་ཁབ་གཉིས་ཀྱི་དམག་དོན་སྤྱི་ཁྱབ་ཁག་ལ་ཁ་པར་ཐད་ཀར་འཛུགས་ཕྱོགས་ལ་རྒྱ་གར་གྱིས་གྲོས་གཞིའི་ཟིན་བྲིས་ཡིག་ཆ་ཞིག་རྒྱ་ནག་ལ་སྤྲད་ཡོད་པ་རྒྱ་ནག་གིས་ཕྱིར་སློག་བྱུང་ཡང་གནད་དོན་དེ་ཟླ་བ་རེ་ཟུང་གི་ནང་དུ་མཇུག་བསྒྲིལ་ཐུབ་པའི་རེ་བ་ཡོད་ཅེས་གསུངས་འདུག

XS
SM
MD
LG