གཟའ་འཁོར་རྗེས་མའི་ནང་རྒྱལ་ཁབ་ལྔ་ལས་གྲུབ་པའི་ཆེས་མཐོའི་ལྷན་ཚོགས་ཤིག་རྒྱ་གར་གྱི་རྒྱལ་ས་ལྡི་ལིའི་ནང་ཚོགས་འཆར་ཡོད་པ་དེའི་སྐབས་རྒྱ་ནག་གི་སྲིད་འཛིན་ཧུ་ཅིན་ཏའུ་ཡང་ཚོགས་ཞུགས་བྱེད་འཆར་ཡོད་ཅིང་ དེའི་གོང་དུ་རྒྱ་ནག་གི་ཆེས་མཐོའི་དཔོན་རིགས་ཤིག་གིས་ རྒྱ་དཀར་ནག་གཉིས་ཀྱིས་ས་མཚམས་དང་ཏཱ་ལའི་བླ་མ་བཅས་ཀྱི་གནད་དོན་ཐད་ལ་བསམ་ཚུལ་མ་མཐུན་པ་ཡོད་པ་དེ་དག་ཕན་ཚུན་འགྲིགས་འཇགས་ཡོང་རྒྱུ་ཡིན་ལུགས་འགྲེལ་བརྗོད་བྱས་ཡོད་པའི་སྐོར་རྒྱ་གར་གྱི་གསར་ཤོག་ཁག་གི་ཐོག་ཐོན་པའི་གནས་ཚུལ་རྣམས་ཀུན་བཟང་སྒྲོལ་མས་ཕྱོགས་བསྒྲིགས་དང་སྙན་སྒྲོན་ཞུ་གི་རེད།