ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་ཟླ་བ། ༢༠༢༥/༠༡/༢༠

ཡུ་གུར་པ་ཏུལ་ཁུན་ཨི་སའི་ཐོངས་མཆན་ཕྱིར་བསྡུ།


ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།

ཡུ་རོབ་རྒྱལ་ཁབ་འཇར་མན་ཎིར་ཡོད་པའི་འཛམ་གླིང་ཡུ་གུར་ལྷན་ཚོགས་ཀྱི་མཐོ་རིམ་ལས་སྣེ་ཏུལ་ཁུན་ཨི་ས་རྒྱ་གར་དྷ་རམ་ས་ལར་ཕེབས་ཏེ། ཁོང་བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་དམངས་གཙོ་འཕེལ་རྒྱས་ཁང་། རྒྱ་ནག་གི་དམངས་གཙོ་དང་ཡུ་གུར་པའི་འགྲོ་བ་མིའི་ཐོབ་ཐང་ཚོགས་པའི་བཅས་ཀྱི་མཉམ་འབྲེལ་ཚོགས་འདུ་ཞིག་འཚོགས་འཆར་ཡོད་པ་དེར་ཞུགས་འཆར་ཡོད་མོད། འོན་ཀྱང་དེ་རིང་གཟའ་ཟླ་བའི་ཉིན་རྒྱ་གར་གཞུང་གིས་ཏུལ་ཁུན་ཨི་ས་ལ་སྤྲད་ཟིན་པའི་ཐོངས་མཆན་ཕྱིར་བྱས་པ་ཡིན་ཞེས་ཁྱབ་བསྒྲགས་བྱས་ཡོད་ཅིང་། གསར་འགོད་པ་ཚོས་རྒྱ་གར་གཞུང་གིས་ཡུ་གུར་པ་ཏུལ་ཁུན་ཨི་ས་ལ་སྤྲད་ཟིན་པའི་ཐོངས་མཆན་ཕྱིར་བསྡུ་བྱ་དགོས་དོན་ཅི་ཡིན་ཞེས་སྐད་ཆ་དྲིས་ཀྱང་རྒྱ་གར་གྱི་ནང་སྲིད་ལྷན་ཁང་གིས་དེ་ལ་འགྲེལ་བཤད་གང་ཡང་བརྒྱབ་མེད་པ་དང་། སྲིད་དོན་ཉམས་ཞིབ་པ་ཚོས་རྒྱ་ནག་གི་གནོན་ཤུགས་ལ་བརྟེན་ནས་ཏུལ་ཁུན་ཨི་ས་རྒྱ་གར་ལ་ཡོང་རྒྱུ་བཀག་འགོག་ཐེབས་ཡོད་པའི་ཚོད་དཔག་བྱེད་ཀྱི་ཡོད་པ་མ་ཟད། རྒྱ་ནག་གཞུང་གིས་ཏུལ་ཁུན་ཨི་ས་འཇིགས་སྐུལ་རིང་ལུགས་པའི་ཐོ་གཞུང་དུ་བཀོད་པ་དང་། ཁོ་པ་རྒྱ་ནག་ལ་རྩིས་སྤྲོད་བྱས་ནས་ཁྲིམས་ལ་སྦྱོར་དགོས་ཟེར་གྱི་ཡོད་འདུག ཚོགས་འདུ་གོ་སྒྲིག་བྱེད་མཁན་ཚོས་བོད་པ་དང་ཡུ་གུར་པ། རྒྱ་ནག་གི་ཤེས་ཡོན་ཅན་ཚོས་རྒྱ་ནག་གི་འགྲོ་བ་མིའི་ཐོབ་ཐང་གི་ཟིན་ཐོ་ཡར་རྒྱས་དང་། རྒྱ་ནག་ལ་དམངས་གཙོ་དར་སྤེལ་ཇི་ལྟར་གཏོང་དགོས་མིན་གྲོས་བསྡུར་བྱ་འཆར་ཡོད་ཅེས་འགྲེལ་བཤད་བརྒྱབ་ཡོད་པ་རེད།།

XS
SM
MD
LG