ངོ་འཕྲད་བདེ་བའི་དྲ་འབྲེལ།
གཞུང་དངོས་ལ་ཐད་བསྐྱོད།
དཀར་ཆག་ལ་ཐད་བསྐྱོད།
ཐད་ཀར་འཚོལ་ཞིབ་ལ་བསྐྱོད།
བོད།
མདུན་ངོས།
ཨ་རི།
རྒྱ་ནག
འཛམ་གླིང་།
ཧི་མ་ལ་ཡ།
བརྙན་འཕྲིན།
ཀུན་གླེང་གསར་འགྱུར།
ཀུན་གླེང་།
དྲ་སྣང་གི་བོད།
དྲ་བརྙན་གསར་འགྱུར།
ཁ་བའི་མི་སྣ།
བུད་མེད་ལེ་ཚན།
དཔེ་ཀློག
ཆབ་སྲིད་བཙོན་པ་ངོ་སྤྲོད།
རླུང་འཕྲིན།
སྔ་དྲོའི་གསར་འགྱུར།
དགོང་དྲོའི་གསར་འགྱུར།
བགྲོ་གླེང་མདུན་ལྕོག
བསྐྱར་ཞིབ།
པོ་ཊི་ཁ་སི།
དཔེ་ཀློག
ཕ་ཡུལ་གླེང་སྟེགས།
ཆོས་རིག་ལེ་ཚན།
གཞོན་སྐྱེས་དང་ཤེས་ཡོན།
འཕྲོད་བསྟེན་དང་དོན་ལྡན་གྱི་མི་ཚེ།
གངས་རིའི་བྲག་ཅ།
བུད་མེད།
སོ་ཡ་ལ། བོད་ཀྱི་གླུ་གཞས།
གསར་འགོད་རང་དབང་།
Learning English
རྗེས་འབྲངས།
སྐད་ཡིག
འཚོལ།
ཐད་གཏོང་།
ཐད་གཏོང་།
འཚོལ།
སྔོན་མ།
རྗེས་མ།
Breaking News
གཟའ་པ་སངས། ༢༠༢༦/༠༤/༡༧
རྒྱ་ནག
རྒྱ་གར་གཞུང་གིས་རྒྱ་ནག་གི་དིང་ཁ་བརྡའི་བཀོལ་ཆས་བཀག་པ།
༢༧།༡༡།༢༠༢༠
རྒྱ་གར་གཞུང་གིས་རྒྱ་ནག་གི་དིང་ཁ་བརྡའི་བཀོལ་ཆས་བཀག་པ།
འགྲེམ་སྤེལ།
འགྲེམ་སྤེལ།
པར་འདེབས་པ།
Embed
share
རྒྱ་གར་གཞུང་གིས་རྒྱ་ནག་གི་དིང་ཁ་བརྡའི་བཀོལ་ཆས་བཀག་པ།
by
ཨ་རིའི་རླུང་འཕྲིན་ཁང་།
Embed
share
The code has been copied to your clipboard.
The URL has been copied to your clipboard
No media source currently available
0:00
0:06:01
0:00
ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།
32 kbps | MP3
གསན་གཟིགས་གནང་ས།
༄༅།། རྒྱ་གར་གཞུང་གིས་ལོ་འདིའི་ཕྱི་ཟླ་༦་ནང་དུ་རྒྱ་ནག་ནས་བཟོས་པའི་ཊིཀ་ཊོཀ་དང་སྐད་འཕྲིན་ལ་སོགས་པའི་བཀོལ་ཆས་༥༩་བཀག དེ་ནས་ཕྱི་ཟླ་༩་ནང་དུ་རྒྱ་ནག་གིས་བཟོས་པའི་བཀོལ་ཆས་༡༡༨་བཀག་ཅིང་། ཟླ་བ་འདིའི་ཕྱི་ཚེས་༢༤་ཉིན་རྒྱ་གར་གྱི་གློག་ཆས་དང་འཕྲུལ་རིག་ལྷན་ཁང་གིས་སླར་ཡང་རྒྱལ་ཁབ་ཀྱི་བདག་དབང་དང་མངའ་ཁོངས་གོང་བུ་གཅིག་གྱུར། བདེ་འཇགས་སྲུང་སྐྱོབ། རྒྱལ་ཁབ་དང་སྤྱི་དམངས་ཀྱི་བདེ་འཇགས་བཅས་ལ་དམིགས་ཏེ་རྒྱ་ནག་གི་ཨ་ལི་བྷ་བྷ་བཟོ་ཚོང་ཁང་གི་བཀོལ་ཆས་ཚུད་པའི་རྒྱ་ནག་གིས་བཟོས་པའི་ཁ་པར་དང་གློག་ཀླད་ཀྱི་བཀོལ་ཆས་༤༣་བཀག་འདུག རྒྱ་གར་གཞུང་གིས་བཀག་སྡོམ་བྱས་པའི་བཀོལ་ཆས་དེ་དག་གི་གྲས་སུ་དེང་སྐབས་བོད་ཕྱི་ནང་གཉིས་ཀྱི་འབྲེལ་བ་བྱ་ཡུལ་གྱི་བརྒྱུད་ལམ་གཙོ་བོ་སྟེ། དིང་ཁ་བརྡ་ཞེས་པའི་བཀོལ་ཆས་ཚུད་འདུག
རྒྱ་གར་དབུས་གཞུང་འཕྲུལ་རིག་ལྷན་ཁང་གི་ཐག་གཅོད་འདི་ནི་རྒྱ་གར་གྱི་རྒྱལ་ཡོངས་དྲྭ་ལམ་བདེ་འཇགས་འབྲེལ་མཐུད་ཁང་གི་མོས་མཐུན་ལྟར་རྒྱ་གར་གྱི་འཕྲུལ་རིག་དོ་དམ་ཁྲིམས་ཡིག་དོན་ཚན་༦༩་པའི་ཀ་པ་གཞིར་བཟུང་ལྟར་ལག་ལེན་བསྟར་པ་ཞིག་ཡིན་འདུག བོད་ནང་ཁུལ་དང་བཙན་བྱོལ་སྤྱི་ཚོགས་སུ་ཟླ་བ་འདིའི་ཕྱི་ཚེས་༡༢་ནས་བཟུང་སྟེ་དིང་ཁ་བརྡ་ཞེས་པའི་བཀོལ་ཆས་དེ་བེད་སྤྱོད་གཏོང་མི་ཐུབ་པར་གྱུར་པའི་གནས་ཚུལ་ཐོན། འདི་ནི་རྒྱ་ནག་གཞུང་གིས་ཆེད་དུ་བཀག་པ་ཞིག་ཡིན་མིན་སོགས་ལ་དམིགས་བསལ་གྱི་གཞུང་འབྲེལ་གསལ་བསྒྲགས་གང་ཡང་མཐོང་རྒྱུ་མེད་ཀྱང་བཀོལ་ཆས་དེ་བོད་ནང་ཁུལ་དུ་བཀོལ་སྤྱོད་བྱེད་ཐུབ་ཀྱི་མི་འདུག་ཅེས་མིང་བརྗོད་འདོད་མེད་པའི་འབྲེལ་ཡོད་བོད་པ་ཞིག་གིས་གནས་ཚུལ་མཁོ་སྤྲོད་བྱས་བྱུང་།།
དཀའ་ངལ་འདི་གསར་འགྱུར་མཁོ་སྤྲོད་པ་གཅིག་པུར་མིན་པར་འབྲེལ་ཡོད་མི་ཁ་ཤས་ལ་སྐད་ཆ་དྲིས་ཀྱང་ངོ་ཤེས་སྐད་ཆ་འདྲི་ཡུལ་དེ་དག་ལའང་དིང་ཁ་བརྡ་བཀོལ་སྤྱོད་བྱེད་མི་ཐུབ་པའི་དཀའ་ངལ་གཅིག་མཚུངས་ཤིག་འཕྲད་ཀྱི་ཡོད་ལུགས་ཀྱི་ལན་འདེབས་བྱུང་ཞེས་འགྲེལ་བརྗོད་བྱས་འདུག ཕྱི་ཚེས་༡༢་ཉིན་དིང་ཁ་བརྡ་བཀོལ་སྤྱོད་མེད་པར་གྱུར་དོན་སོགས་ལ་རྒྱ་གར་དུ་གནས་འཁོད་བོད་པ་ཁག་ཅིག་གིས་དྲྭ་ལམ་དུ་གནས་ཚུལ་སྤེལ་འདུག་པ་ལྟར་ན། ཕྱི་ཚེས་༡༢་ཉིན་ནས་དིང་ཁ་བརྡ་བཀག་ཚར་འདུག ད་ནི་བོད་ལ་འབྲེལ་བ་བྱ་ལམ་གཅིག་ལས་མེད་པའང་འགགས་སོང་ཞེས་སྡུག་སྐད་བརྒྱབ་ནས་གནས་ཚུལ་བཀོད་འདུག རྒྱ་གར་དུ་གནས་འཁོད་བོད་པ་ཞིག་གིས་བཀོལ་ཆས་དེ་བཀག་པའི་སྟབས་ཀྱིས་བོད་ནང་གི་བཟའ་མི་སྤུན་མཆེད་སོགས་ལ་འབྲེལ་བ་ཆད་སོང་ཞེས་བརྗོད་ཡོད་པ་རེད།།
དེ་སྔོན་བོད་ཕྱི་ནང་གཉིས་ལ་རྒྱ་ནག་གིས་བཟོས་པའི་སྐད་འཕྲིན་བརྒྱུད་ནས་འབྲེལ་བ་བྱེད་ཀྱི་ཡོད་ཀྱང་ད་ལོའི་ཕྱི་ཟླ་༦་པ་ནས་རྒྱ་གར་གཞུང་གིས་སྐད་འཕྲིན་སྒོ་བརྒྱབ། དེའི་རྗེས་སུ་རྒྱ་ནག་གི་ཨ་ལི་བྷ་བྷ་བཟོང་ཚོང་ཁང་གིས་བཟོས་པའི་དིང་ཁ་བརྡའི་བཀོལ་ཆས་བརྒྱུད་ནས་བོད་ལ་འབྲེལ་བ་བྱ་དགོས་བྱུང་ཡོད་པ་རེད། ད་ལྟ་རྒྱ་གར་གཞུང་གིས་བཀོལ་ཆས་དེ་བཀག་ཡོད་སྟབས་སླད་ཕྱིན་བོད་ཕྱི་ནང་གཉིས་ལ་འབྲེལ་བ་བྱ་སའི་བརྒྱུད་ལམ་གཞན་དག་ཅི་ཞིག་ཡོད་མེད་སོགས་ལ་བོད་ཀྱི་དྲྭ་རྒྱའི་ཆེད་ལས་པ་བློ་བཟང་ལགས་སུ་བཅར་དྲི་ཞུས། ཁོང་གིས་ད་ལྟའི་ཆར་ཝྭི་ཕི་ཨེན་བེད་སྤྱོད་ཀྱིས་འབྲེལ་བ་བྱ་ཐབས་བྱས་ན་མ་གཏོགས་ཐབས་ལམ་གཞན་པ་མི་འདུག་ཅེས་ལན་འདེབས་གནང་བྱུང་།།
སྤྱིར་རྒྱ་ནག་གཞུང་གིས་བཀོལ་ཆས་དེ་ཝུ་ཧན་ནས་མཆེད་པའི་ཏོག་དབྱིབས་ནད་དུག་ཁྱབ་པའི་རྗེས་སུ་སློབ་གྲྭ་ཁག་ཚོགས་མ་ཐུབ་པའི་རིང་ལ་བོད་ནང་ལོགས་ཀྱི་སློབ་ཕྲུག་དང་ཁྱིམ་བདག དགེ་རྒན་བཅས་ལ་ཕབ་ལེན་བྱེད་བཅུག་སྟེ་སློབ་ཁྲིད་བྱ་རྒྱུར་བེད་སྤྱོད་བཏང་ཡོད་ཅིང་། དེ་བཞིན་བོད་པ་ལས་བྱེད་པ་ཚོར་བཀོལ་ཆས་དེ་ཕབ་ལེན་བྱེད་དུ་བཅུག་སྟེ་བཀོལ་ཆས་དེ་བརྒྱུད་ནས་དོ་དབག་གི་བྱ་སྤྱོད་ཀུན་ལ་རྒྱ་གཞུང་གིས་ལྟ་ཞིབ་བྱེད་ཀྱི་ཡོད་པའི་གནས་ཚུལ་ཐོན་ཡོད་པའི་སྐོར། རྒྱ་གར་ལྷོ་ཕྱོགས་ནས་འདི་གའི་གསར་འགོད་པ་རྒྱལ་མཚན་ཆོས་གྲགས་ལགས་ཀྱིས་བཏང་བའི་གནས་ཚུལ་
འབྲེལ་ཡོད།
རྒྱ་ནག་གིས་རྒྱ་གར་དང་པ་ཀི་སི་ཐན་ལ་འཁྲུག་རྩོད་སློང་ཐབས།
ཉི་ཧོང་དང་རྒྱ་ནག་གི་ཕྱི་སྲིད་བློན་ཆེན་ཟུང་ཐུག་འཕྲད་གྲོས་མོལ།
XS
SM
MD
LG