ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་པ་སངས། ༢༠༢༤/༠༤/༢༦

རྒྱ་གར་དང་པ་ཀི་སི་ཐན་གྱི་གྲོས་མོལ།


པ་ཀི་སི་ཐན་གྱི་སྲིད་བློན་ཡུ་སོབ་ར་ཛ་གྷི་ལའ་ནི་ཡིས་རྒྱ་གར་ལ་དམག་འཁྲུག་གི་དུས་ཚོད་རྗོགས་ཟིན་ཡོད། ང་ཚོ་ཞི་འགྲིག་གྲོས་མོལ་བྱེད་བའི་དུས་ལ་བབས་ཡོད་ཅེས་ནན་བརྗོད་པ་དང་ཆབས་ཅིག རྒྱ་གར་ལ་ཀཤི་མིར་གྱི་རྩོད་རྙོག་དང་དེ་བཞིན་ཆུ་དང་འཁྱག་རོམ་གྱི་གནད་དོན། འཇིགས་སྐུལ་དྲག་སྤྱོད་རུ་ཚོགས་ཀྱི་གནད་དོན་སོགས་གནད་དོན་གང་ཅིའི་ཐད་ལ་གྲོས་མོལ་བྱས་ནས་དཀའ་ངལ་སེལ་རྒྱུར་གྲ་སྒྲིག་ཡོད་ཅེས་བརྗོད་འདུག་ཅིང་། ཁོང་གི་དགོངས་པ་ལྟར་རྒྱ་གར་གྱི་སྲིད་བློན་མན་མོ་ཧན་སིང་གིས་ཀྱང་པ་ཀི་སི་ཐན་ལ་གྲོས་མོལ་བྱེད་འདོད་ཡོད་པ་དང་། རྒྱ་གར་གྱི་ངོས་ནས་ཀྱང་བློ་རྒྱ་ཡངས་པའི་སྒོ་ནས་འཇའ་མུ་ཀཤི་མིར་གྱི་གནད་དོན་ཚུད་པའི་ཕྱོགས་གང་ཐད་ལ་གྲོས་མོལ་བྱ་འདོད་ཡོད་ཅེས་གསལ་སྟོན་བྱས་ཡོད་པ་རེད།

XS
SM
MD
LG