ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་པ་སངས། ༢༠༢༤/༠༣/༢༩

རྒྱ་གར་གྱི་སྨན་པ་ཞིག་ལ་འཇབ་རྒོལ་བ་དང་ལག་སྦྲེལ་ཡོད་པའི་ནག་ཉེས་བཙུགས་ཡོད་པ།


རྒྱ་གར་གྱི་བྱིས་པའི་སྨན་པ་བྷི་ན་ཡག་སེན་གྱིས་གཞུང་ལ་ངོ་རྒོལ་བྱེད་མཁན་མའོའི་གྱེན་ལོག་པར་རོགས་ཕན་བྱས་པའི་ནག་ཉེས་ལ་བརྟེན་ནས་ཚེ་བཙོན་གྱི་ཉེས་ཆད་བཏང་ཡོད་པ་དེར་མངའ་སྡེའི་ཁྲིམས་ཁང་ཞིག་གིས་བཙོན་འགྲོལ་ཁག་ཐེག་བྱས་ཏེ་གློད་འགྲོལ་གཏང་རྒྱུའི་ཁྲིམས་ཐག་གཅོད་རྒྱུ་ཟླ་བ་རྗེས་མ་བར་འཕར་འགྱངས་བྱས་འདུག་ཀྱང་། མཉམ་འབྲེལ་རྒྱལ་ཚོགས་ཀྱི་སྐུ་ཚབ་ཀྱིས་བརྗོད་དོན་ལ་ སྨན་པ་དེའི་གྱོད་གཞི་དེ་ནི་རྒྱ་གར་ནང་འགྲོ་བ་མིའི་ཐོབ་ཐང་བརྡལ་བཤིག་གཏོང་གི་ཡོད་པའི་དཀའ་ངལ་གྱི་སྔ་ལྟས་ཤིག་རེད་ཅེས་བརྗོད་འདུག་པའི་སྐོར། དིལླི་གསར་པ་ནས་འདི་ག་ཝི་ཨོ་ཨེ་ཨ་རིའི་རླུང་འཕྲིན་ཁང་གི་གསར་འགོད་པ་ཀུརྜི་་ཨེ་ཆིན་གྱིས་བཏང་བའི་གནས་ཚུལ་དེ་རྣམ་རྒྱལ་ཤཱསྟྲིས་ཕབ་བསྒྱུར་དང་སྙན་སྒྲོན་ཞུ་གི་རེད།

XS
SM
MD
LG