ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་པ་སངས། ༢༠༢༤/༠༤/༢༦

ཡུལ་ཁྲིམས་ཟོལ་ཡང་གནང་ཐབས་ཡོང་བ་ཞེས་རྒྱ་གར་གྱིས་རྒྱལ་ཚོགས་ལ་འབོད་བསྐུལ།


རྒྱ་གར་གྱིས་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་སྤྱི་ཁྱབ་དྲུང་ཆེ་ བྷན་ཀི་མུན་མཆོག་ལ་འབུལ་ལམ་ཞུས་པའི་ཕྱག་བྲིས་ཞིག་གི་ནང་། མཐོ་རིམ་ ཕྱི་འབྲེལ་མི་སྣ་ལྕམ་ ཁོབ་ར་གྷ་དེ་མཉམ་འབྲེལ་རྒྱལ་ཚོགས་སུ་རྒྱ་གར་གྱི་གཞུང་ཚབ་ལས་ཁང་ནང་སློབ་སྟོན་གནང་མཁན་དུ་བསྐོ་བཞག་གནང་པ་ཡིན་པས་གནས་ཚུལ་ངོ་སྤྲོད་ཞུས་པ་དང་འབྲེལ། ཕྱི་འབྲེལ་མི་སྣ་རྣམས་ལ། ཡུལ་ཁྲིམས་ཟོལ་ཡང་གི་ཁེ་དབང་ཡོད་པ་ལ་སོགས་པའི་དམིགས་བསལ་གྱི་ཐོབ་ཐང་གནང་སྲོལ་ཡོད་པ་བཞིན་ལྕམ་ཁོབ་ར་གྷ་དེ་ལའང་། ཡུལ་ཁྲིམས་ཟོལ་ཡང་གི་ཐོབ་ཐང་སྤྱི་བྲེ་སྤྱི་མཚུངས་ཞིག་གནང་ཐབས་ཡོང་བའི་འབོད་བསྐུལ་ཞུས་ཡོད་པ་བཅས་ཀྱི་སྐོར་རྒྱལ་སྤྱིའི་གསར་གནས་ཁག་ཏུ་ཐོན་པའི་གནས་ཚུལ་རྣམས་བྱང་ཆུབ་སྒྲོལ་མས་ཕྱོགས་བསྒྲིགས་དང་སྙན་སྒྲོན་ཞུས་པ་ཞིག་གསན་གྱི་རེད།
XS
SM
MD
LG