ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་ཕུར་བུ། ༢༠༢༤/༠༥/༠༢

བལ་ཡུལ་ནང་ལོ་སར་ཚེས་༣་ཉིན་གྱི་གཞུང་འབྲེལ་བསང་གསོལ་མཛད་སྒོ་སྲུང་བརྩི།


བལ་ཡུལ་ནང་ལོ་སར་ཚེས་༣་ཉིན་གྱི་གཞུང་འབྲེལ་བསང་གསོལ་མཛད་སྒོ།
བལ་ཡུལ་ནང་ལོ་སར་ཚེས་༣་ཉིན་གྱི་གཞུང་འབྲེལ་བསང་གསོལ་མཛད་སྒོ།

འདི་ག་བལ་ཡུལ་གྱི་རྒྱལ་ས་ཀ་ཐན་མན་གྲུའི་འཇོལ་ལ་ཁེལ་གཞིས་ཆགས་ནང་ལོ་སར་ཚེས་༣་ཉིན་གྱི་བསང་གསོལ་གཞུང་འབྲེལ་སྒོ་སྟེང་ཨོ་སུ་ཁྲུ་ལེ་ཡ་རྒྱལ་ཁབ་གཙོས་ཕྱིའི་རྒྱལ་ཁབ་ཁག་ཅིག་གིས་གཞུང་ཚབ་ཁང་གི་སྐུ་ཚབ་མི་སྣ་དང་འགྲོ་བ་མིའི་ཐོབ་ཐང་གི་མི་སྣ་དེ་བཞིན་བོད་རིགས་སེར་སྐྱ་མང་ཚོགས་བཅས་ལྷན་འཛོམས་ཐོག་དུས་ཆེན་སྲུང་བརྩི་གནང་ཡོད་པ་རེད།

བལ་ཡུལ་ནང་ལོ་སར་ཚེས་༣་ཉིན་གྱི་གཞུང་འབྲེལ་བསང་གསོལ་མཛད་སྒོ།
བལ་ཡུལ་ནང་ལོ་སར་ཚེས་༣་ཉིན་གྱི་གཞུང་འབྲེལ་བསང་གསོལ་མཛད་སྒོ།

ཞོགས་པ་སྔ་མོ་ནས་མཛད་སྒོ་ཚོགས་ཡུལ་དུ་བལ་ཡུལ་གཞུང་གི་དམག་མི་དམག་ཆས་གྱོན་ཡོད་མེད་གཉིས་ཀ་གྲངས་ཉི་ཤུ་ཡས་མས་ཞིག་སླེབས་ནས་ལྟ་རྟོག་བྱས་ཡོད་ཀྱང་ད་ལོར་དམིག་གསལ་གྱི་གཞུང་འབྲེལ་མཛད་སྒོ་བཀག་འགོག་འདྲ་བྱས་མ་སོང་།ཐོག་མར་༧རྒྱལ་བའི་སྐུ་པར་མཐོང་གྲོལ་རིན་པོ་ཆེ་དུང་རྒྱ་གླིང་གི་བསུས་དེ་བཞུགས་ཁྲིར་ཞབས་སོར་མཁོད་པ་དང་ཆབ་ཅིག་མནཏྲལ་རྟེན་གསུམ་འདེགས་འབུལ་དང་དེའི་རྗེས་སུ་བལ་བོད་གཉིས་ཀྱི་རྒྱལ་གླུ་དང་བཅས་ལས་རིམ་གྲུབ་འཚམས་དོན་གཅོད་སྐུ་ངོ་རྩིབ་རི་ལོ་པན་སྤྲུ་སྐུ་ངག་དབང་མཆོག་གྲུབ་རིན་པོ་ཆེ་མཆོག་གིས་ལོ་སར་གྱི་འཚམས་འདྲིའི་གསུང་བཤད་གནང་དོན་གཙོ་བོ་སྦྱིར་ན་གནས་ཡུལ་རྒྱལ་ཁབ་ནང་ང་ཚོ་ལ་མཚོན་ན་སྐྱབས་བཅོལ་བ་ཞིག་ཡིན་པ་རེད་མོད་།གནས་ཡུལ་རྒྱལ་ཁབ་འདིས་ནང་གི་མི་རིགས་མང་པོ་ཞིག་དང་ལྷག་པར་དུ་ཧི་མ་ལའི་རི་རྒྱུད་ཀྱི་མི་རིགས་བཅས་ང་ཚོ་དང་རིག་གཞུང་གཅིག་པ།སྐད་ཡིག་གཅིག་པ།ཡུལ་གོམ་གཤིས་ལུགས་གཅིག་པ་ཡིན་པས་སྟབས་ཀྱི་ལོ་སར་སྐབས་སུ་ཚང་མའི་མགྲིན་གཅིག་དུ་ལོ་སར་ལ་རོན་གྱིན་ཡོད་པས་ན་རྟེན་འབྲེལ་མ་སྒྲིག་རང་འགྲིག་ཤིག་ཡིན་པས་ང་ཚོ་སྐྱབས་བཅོལ་བ་ཚོའི་ངོས་ནས་དཔའ་ཞུམ་མི་དགོས་བར་ལོ་སར་དགའ་དགའ་སྤྲོ་སྤྲོ་གནང་ཡོད་པའི་རེ་བ་དང་འཚམས་འདྲི་ཞུ་རྒྱུ་ཡིན་ཞེས་དང་དེའི་རྗེས་སུ་སྐུ་མགྲོན་གཙོ་བོ་ཤྲི་རི་ཆུ་བཟང་རིན་པོ་ཆེ་མཆོག་གི་གསུང་བཤད་གནང་བའི་ནང་སྦྱིར་ལ་༧རྒྱལ་བ་དོན་གྱི་བདག་པོའི་དུས་རྒྱུན་གསུང་གནང་བ་བཞིན་ང་ཚོ་ཚང་མིའི་དུས་རྣམ་ཀུན་དུ་རང་བཞིན་ཕན་ཚུན་འགྲོ་བ་མིའི་འདུ་ཤེས་དེ་བཟུང་ནས་ཕྱིའི་ཀུན་སྤྱོད་དང་ནང་གི་ཀུན་སློངས་སོགས་མི་རིགས་རང་གི་གཤིས་རྒྱུད་དུ་ཡོད་པའི་རིག་གཞུང་ངམ་ཡང་ན་ནང་བའི་བསླབ་བྱ་དེ་དོར་མི་ཉན་པ་ནི་གལ་ཆེན་པོ་ཡིན་པ་རེད་ཅེས་སོགས་གསུང་སོང་།

དེ་དང་ཆབ་ཅིག་མཛད་སྒོའི་སྟེང་སླེབས་མཁན་གྱི་མང་ཚོགས་ཨ་ཅག་ཚེ་རིང་སྒྲོལ་དཀར་ལགས་ཀྱི་རང་གི་བསམ་ཚུལ་གསུང་དོན་གཙོ་བོ་སྔར་ལོ་དང་བསྡུར་ན་ད་ལོར་མཛད་སྒོའི་སླེབས་མཁན་མང་ཚོགས་ཧ་ཅང་ཉུང་ཉུང་ཡིན་པ་རེད་།དེ་ཡང་ཕྱོགས་གཅིག་ནས་དེ་རིང་གི་ཉིན་མོ་འདིར་རང་རང་སོ་སོའི་ཁང་སྟེང་དུ་རླུང་རྟ་དར་ལྕོག་གསར་འཛུགས་ཀྱི་ཉིན་མོ་ལ་ཁེལ་བ་དང་ཡང་ཕྱོགས་གཅིག་ནས་གནས་ཡུལ་རྒྱལ་ཁབ་ནང་ང་ཚོ་ཚང་མ་གཞན་དབང་སྟབ་བསྟུན་འོག་ཡོད་སྟབས་དམ་དྲག་དང་བཀག་འགོག་གི་དབང་གིས་འཛོམས་མ་ཐུབ་པ་རེད། ཡིན་ནའང་ང་ཚོ་བོད་རིགས་ཚང་མ་མཉམ་གཅིག་དུ་འཛོམས་ནས་འདི་འདྲའི་དུས་ཆེན་སྐབས་སུ་དགའ་དགའ་སྤྲོ་སྤྲོ་གནང་ཐུབ་པ་བྱུང་བ་ལ་ཧཅང་དགའ་ཚོར་ཆེན་པོ་འདུག་ཅེས་སོགས་བརྗོད་སོང་། དེ་དང་ཆབ་ཅིག་གཞུང་འབྲེལ་མཛད་སྒོ་གྲོལ་བ་དང་ཉིན་གུང་རྒྱབ་ནས་བཟུང་སྲོང་བཙན་སློབ་གྲའི་ནང་བོད་རང་གི་ཐུན་མོང་མ་ཡིན་པའི་སྲོལ་རྒྱུན་ལྟར་བལ་ཡུལ་ལྷ་མོ་ཚོགས་པའི་ངོས་ནས་རྒྱལ་བུ་དྲི་མེད་ཀུན་ལྡན་གྱི་རྣམ་ཐར་མང་ཚོགས་ལ་གཟིགས་འབུལ་ཞུས་ཡོད་པ་རེད།

གླེང་སྟེགས།

XS
SM
MD
LG