ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་པ་སངས། ༢༠༢༤/༠༥/༡༧

བོད་ཀྱི་ལོ་གསར་གཞུང་འབྲེལ་མཛད་སྒོ་བཞུགས་སྒར་ཐེག་ཆེན་ཆོས་གླིང་གཙུག་ཁང་དུ་འཚོཊ་གནང་བ།


བོད་རྒྱལ་ལོ་ ༢༡༥༡ རབ་གནས་ཤིང་འབྲུག་ལོའི་གནམ་ལོ་གསར་དུ་བཞད་པའི་དགའ་སྟོན་གཞུང་འབྲེལ་གྱི་མཛད་སྒོ་ཞིག་བཞུགས་སྒར་ཐེག་ཆེན་ཆོས་གླིང་གཙུག་ཁང་དུ་འཚོགས་གནང་སོང་ལ་འདི་ལོའི་ལོ་གསར་སྐབས་༧བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་མོ་མཆོག་གིས་བཞུགས་སྒར་རྒྱལ་བའི་ཕོ་བྲང་ནས་བོད་གཞིས་བྱེས་གཉིས་སུ་བཞུགས་པའི་བོད་མི་རྣམས་ལ་ལོ་གསར་འཚམས་འདྲིའི་གསུང་འཕྲིན་ཞིག་སྩལ་གནང་མཛད་གནང་སོང་ལ་སྐབས་དེར་དབུས་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་ཚབ་ཕྱིའི་དྲིལ་བཀའ་བློན་ནོར་འཛིན་སྒྲོལ་མ་མཆོག་གཙོས་པའི་མང་གཙོའི་ཀ་བ་གསུམ་གྱི་མཛད་གཙོ་ལས་ཟུར་རྣམ་པ་དང་། སྐུ་བཅར་རྣམ་རྒྱལ་གྲྭ་ཚང་གི་དགེ་འདུན་པ་ལྷན་འཛོམས་ཐོག་བོད་ཀྱི་ཟློས་གར་ཚོགས་པས་གར་གླུ་གཟིགས་འབུལ་ཞུས་གནང་སོང་བ་དང་སྦྲགས། སྐབས་དེར་བཀའ་སྤྱི་གཉིས་ནས་བོད་གཞིས་བྱེས་གཉིས་ཀྱི་བོད་མི་རྣམས་ལ་ལོ་གསར་གྱི་འཚམས་འདྲི་ཡང་གནང་སོང་།

གཞན་ཡང་ཧི་མ་ཅལ་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་མཆོག་གིས་ཀྱང་བོད་མི་རྣམས་ལ་ལོ་གསར་གྱི་འཚམས་འདྲི་ཞུས་གནང་ཡོད་པ་རེད་ལ་བཞུགས་སྒར་ཁུལ་གྱི་བོད་མི་ཚོས་ལོ་གསར་ཚེས་གཅིག་གི་ཞོགས་པ་སྔ་པོ་ནས་གཟབ་འཆོར་ལེགས་པར་སྤྲས་ནས་རྒན་དར་གཞོན་གསུམ་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་ཚེས་གཏོར་དང་རྟེན་མཆོག་རྣམ་ལ་མཆོད་མཇལ་དུ་འཚང་ཁ་ཤིག་ཤིག་ཏུ་ཕེབས་ཡོད་འདུག་ཅིང་། བོད་མི་ཁག་ཅིག་ནས་གནམ་ལོ་གསར་ཚེས་དང་འབྲེལ་ཏེ་གཞིས་བཞུགས་བོད་མི་ཚོར་ལོ་གསར་གྱི་འཚམས་འདྲི་གནང་གི་འདུག །

གཞི་རྩའི་སྲོལ་རྒྱུན་ལྟར་ན་བོད་ཀྱི་ལོ་གསར་ཚེས་གཅིག་གི་ཐོ་རེངས་ཁྱིམ་ཚང་སོ་སོས་ཆུ་ཕུད་ཀྱི་ཐོག་མ་ཐོབ་ཐབས་ལ་འགྲན་རྩོད་ཀྱི་རྣམ་པའི་ཐོག་ནས་ཕུད་ཆུ་ལེན་ཅིང་། སུ་ཞིག་གིས་ཆུ་ཕུད་ཐོག་མར་ལེན་ཐུབ་ན་དེ་ལ་བཀྲ་ཤིས་པའི་རྟགས་སུ་བརྩི་སྲོལ་ཡང་ཡོད། སྐབས་དེར་ཆུ་ཁར་བསང་གཏོང་བ་དང་། མར་གྱིས་དཀར་རྒྱན་སྒྲོན་པ། ཁ་བཏགས་སྒྲོན་པ། ཕྱེ་མར་ཆང་ཕུད་སྟོར་བ་དང་སྦྲགས། བཀྲ་ཤིས་པའི་ཚིག་གིས་སྨོན་ལམ་བཏབས་ཏེ་ཆུ་ཕུད་ལེན་པ་མ་ཟད། དེའི་ཞོགས་པར་ཁྱིམ་ཚང་ཆེ་གྲས་ཁག་གི་སྒོ་འགྲམ་དུ་འབྲས་དཀར་བས་དགེ་བའི་མཚན་མ་ཀུན་བཟང་གི་འབྲས་བཤད་རྒྱག་ཅིང་། འབྲས་དཀར་བ་ལ་གསོལ་རས་སྤྲོད་པ། གཞན་ཡང་ནང་མི་རྒན་གཞོན་ཚང་མས་གཟབ་མཆོར་སྤྲས་ཏེ་གཙུག་ལག་ཁང་ངམ་ཉེ་འཁོར་གྱི་དགོན་སྡེ་ཁག་ཏུ་མཆོད་མཇལ་དུ་འགྲོ་ཡི་ཡོད་པ་རེད། །

གླེང་སྟེགས།

XS
SM
MD
LG