ངོ་འཕྲད་བདེ་བའི་དྲ་འབྲེལ།

རྒྱ་ནག་གཞུང་གིས་བོད་མི་དམངས་དང་གསར་འགོད་པ་ཚོར་བལྟ་སྲུང་ནན་པོ།།


རྒྱ་ནག་གཞུང་གིས་བོད་མི་དམངས་དང་གསར་འགོད་པ་ཚོར་བལྟ་སྲུང་ནན་པོ།།

རྒྱ་ནག་གཞུང་གིས་བོད་ནང་ཁུལ་གྱི་མི་དམངས་དང་གསར་འགོད་ཚོར་བལྟ་སྲུང་ནན་པོ་བྱེད་ཀྱི་ཡོད་པ་རྒྱུན་ལྡན་ཞིག་ཡིན་མོད། འོན་ཀྱང་དེང་སྐབས་རྒྱ་ནག་གཞུང་གིས་འཆམ་མཐུན་གྱི་སྤྱི་ཚོགས་ཤིག་འཛུགས་སྐྲུན་བྱེད་དགོས་ཞེས་དྲིལ་བསྒྲགས་ཤུགས་ཆེ་བྱེད་ཀྱི་ཡོད་པ་བོད་ཀྱི་ས་གནས་ཁག་ལའང་ལས་དོན་གལ་ཆེ་ཞིག་ཏུ་གྱུར་ཡོད་པ་དང༌། ཉེ་དུས་རྒྱ་ནག་གཞུང་གི་གོ་སྒྲིག་འོག ཕྱི་རྒྱལ་གྱི་གསར་འགོད་པ་ཁག་ཅིག་ལ་བོད་ཀྱི་དབུས་གཙང་ས་ཁུལ་དུ་སྐོར སྐྱོད་བྱེད་ཆོག་པའི་གོ་སྐབས་ཐོབ་སྟེ། ཁོང་ཚོས་བོད་ནང་གི་བོད་པ་ཚོར་སྨྲ་བརྗོད་རང་དབང་གི་ཚད་འཛིན་དམ་པོ་ཡོད་པ་བདེན་དཔང་བྱས་ཡོད་པ་རེད།།

XS
SM
MD
LG