ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་སྤེན་པ། ༢༠༢༤/༠༧/༢༧

ཨིལ་ཧམ་ཐོ་དྷི་གཟེངས་རྟགས་འབུལ་ཡུལ་གྱི་འོས་མིའི་གྲས་སུ་བདམས་པ།


རྒྱ་ནག་གཞུང་གིས་ཚེ་བཙོན་གྱི་བཙོན་འཇུག་ཁྲིམས་ཐག་བཅད་དེ་ད་ལྟ་བཙོན་ཁང་དུ་ཡོད་པའི་ཡུ་གུར་པའི་ཤེས་ཡོན་ཅན་ཨིལ་ཧམ་ཐོ་ཌི་ལ་རྒྱལ་སྤྱིའི་རང་དབང་ཚོགས་པ་བཅུས་སྤྱི་ལོ་༢༠༡༦་ལོའི་འགྲོ་བ་མིའི་ཐོབ་ཐང་འཐབ་རྩོད་པའི་གཟེངས་རྟགས་འབུལ་འོས་པའི་འོས་མིའི་ཁོངས་སུ་བདམས་ཡོད་ཅིང་། ཡུ་རོབ་རྒྱལ་ཁབ་སུད་སིར་རྟེན་གཞི་བྱེད་ཡོད་པའི་རང་དབང་ཚོགས་པ་བཅུའི་མཐུན་ཚོགས་དེས་འཛམ་གླིང་ཁྱོན་ཡོངས་སུ་ལོ་རེར་འགྲོ་བ་མིའི་ཐོབ་ཐང་འཐབ་རྩོད་པ་གཟེངས་སུ་ཐོན་པ་ཚོར་བྱ་དགའ་དང་ཆེས་བསྟོད་ཞུ་སྲོལ་ཡོད་པ་རེད། གཟེངས་རྟགས་དེའི་མིང་ལ་མར་ཊིན་ཨེ་ནལ་གཟེགས་རྟགས་ཟེར། ལྷན་ཚོགས་དེས་ལོ་ལྟར་མི་སྒེར་པ་ཚོས་རང་གི་ཚེ་སྲོག་གི་ཉེན་ཀར་མ་འཛེམས་པར་འགྲོ་བ་མིའི་ཐོབ་ཐང་གི་ཆེད་དུ་བློས་གཏོང་ཆེན་པོ་བྱེད་མཁན་ཚོར་གཟེངས་རྟགས་འདི་ཕུལ་སྲོལ་ཡོད་ལ། རྒྱ་ནག་གཞུང་གིས་ཁ་བྲལ་གྱི་ཉེས་འཛུགས་བྱས་ནས་ཚེ་བཙོན་གྱི་ཁྲིམས་ཆད་ཕོག་ཡོད་པའི་ཡུ་གུར་པ་ཤེས་ཡོན་ཅན་དང་དཔལ་འབྱོར་རིག་པ་བ། རྩོམ་པ་པོ་ཨིལ་ཧམ་ཐོ་ཌི་འོས་མིའི་གྲས་ཀྱི་ཨང་གཉིས་པ་ཡིན་པ་མ་ཟད། སི་རི་ཡའི་འགྲོ་བ་མིའི་ཐོབ་ཐང་འཐབ་རྩོད་པ་དང་ཁྲིམས་རྩོད་པ་བུད་མེད་ར་ཟན་ཟེ་དྷོ་ནེ་འོས་མི་ཨང་དང་པོ་དང་། དེ་བཞིན་ཨ་ཧྥི་རི་ཀའི་རྒྱལ་ཁབ་ཨི་ཐོ་ཕི་ཡའི་གསར་འགོད་རང་དབང་དང་སྨྲ་བརྗོད་རང་དབང་སོགས་ཀྱི་ཟིན་བྲིས་སྤེལ་མཁན་ཚོགས་པ་ཞིག་ཨང་གསུམ་པར་བདམས་ཡོད་པ་བཅས་སྤྱི་ལོ་༢༠༡༦་ལོའི་འགྲོ་བ་མིའི་ཐོབ་ཐང་གི་གཟེངས་རྟགས་ཕུལ་ཡུལ་གྱི་འོས་མིའི་ཨང་རིམ་ཕྱིར་བསྒྲགས་བྱས་འདུག

XS
SM
MD
LG