ངོ་འཕྲད་བདེ་བའི་དྲ་འབྲེལ།

ཨ་རིའི་གྲོས་ཚོགས་འཐུས་མི་ཚོར་སྙན་ཞུ་འབུལ་བའི་ལས་འགུལ།


ཨ་རིའི་ཕྱི་སྲིད་དྲུང་ཆེ་རྒྱ་ནག་ལ་འཚམས་འདྲིར་ཕེབས་དུས་བོད་ནང་གི་ཛ་དྲག་གི་གནས་སྟངས་སྐོར་རྒྱ་ནག་གི་འགོ་ཁྲིད་ཚོར་གླེང་གློང་གནང་དགོས་ཞེས་ཨ་རིའི་གྲོས་ཚོགས་གོང་མའི་འཐུས་མི་གསུམ་གྱི་གྲོས་གཞི་བཏོན་ཡོད་ཅིང་། དེར་བརྟེན་ཨ་རིའི་རྒྱལ་ས་ཝ་ཤིང་ཊོན་གྱི་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གིས་ཨ་མི་རི་ཀའི་བོད་དོན་རྒྱབ་སྐྱོར་པ་དང་ཨ་རིའི་བོད་པ་ཚོར་རང་གི་མངའ་སྡེ་ཁག་གི་གྲོས་ཚོགས་གོང་མི་འཐུས་མི་ཚོར་གྲོས་གཞི་དེར་རྒྱབ་སྐྱོར་བྱེད་དགོས་ཞེས་སྙན་ཞུ་འབུལ་བའི་ལས་འགུལ་ཞིག་སྤེལ་འཆར་ཡོད་པའི་སྐོར། འདི་གའི་ལས་བྱེད་པ་ཚེ་བརྟན་ཆོས་སྒྲོན་ལགས་ཀྱིས་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་ལས་འཆར་འགན་འཛིན་བསྟན་འཛིན་ཆོས་སྒྲོན་ལགས་སུ་ལས་འགུལ་དེའི་་སྐོར་གནས་འདྲི་ཞུས་པ་དེ་གསན་རོགས་གནང་།
ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།
XS
SM
MD
LG