ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་ཕུར་བུ། ༢༠༢༤/༠༤/༢༥

ནག་ཆུ་གཉན་རོང་རྫོང་ནང་མི་དམངས་དང་བདེ་འཇགས་དམག་བར་འཁྲུགས་ཟིང་བྱུང་ཡོད་པ།


བོད་རང་སྐྱོང་ལྗོངས་ནག་ཆུ་ས་ཁུལ་གཉན་རོང་རྫོང་གི་རྟ་རྒྱུགས་དུས་ཆེན་སར་བོད་མི་དང་རྒྱ་ནག་གི་བདེ་འཇགས་དཔུང་དམག་འཁྲུགས་ཟིང་ཤུགས་ཆེན་བྱུང་ཡོད་དང་། དེ་རྗེས་བོད་མི་མང་པོ་ཞིག་འཛིན་བཟུང་བྱས་ཡོད་ཀྱང་དེའི་སྐོར་གྱི་གནས་ཚུལ་ཕྱིར་བསྒྲག་མི་ཡོང་བའི་ཆེད་བཀག་འགོག་བྱས་ཡོད་པ་རེད། གནས་ཚུལ་དེ་ཛ་དྲག་ཆེན་པོ་བྱུང་བའི་རྐྱེན་གྱིས་སྤྱི་ཟླ་བརྒྱད་པའི་ཟླ་འགོར་བྱེད་རྒྱར་གྲ་བསྒྲིགས་བྱས་པའི་ནག་ཆུའི་རྟ་རྒྱུགས་དུས་ཆེན་ཞེས་པ་བོད་ཁུལ་གྱི་རྟ་རྒྱུགས་ཆེ་གྲས་དེ་ཡང་མཚམས་འཇོག་བྱེད་དགོས་བྱུང་ཡོད་པའི་གནས་ཚུལ་འདུག
XS
SM
MD
LG