ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་ཕུར་བུ། ༢༠༢༤/༠༤/༢༥

ཧུའུ་ཅིན་ཐོ་ཡིས་དམག་དོན་གོ་གནས་ཡང་རྩིས་སྤྲོད་བྱ་ངེས་རེད།


རིང་མིན་སྤྱི་ཟླ་༡༡ཚེས་༨ཉིན་རྒྱ་ནག་གི་དམར་ཤོག་མི་རབས་བཞི་པའི་འགོ་ཁྲིད་བརྗེ་བསྒྱུར་གྱི་ཉིན་མོ་དེ་ཡིན་པ་དང་། རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་ད་ལྟའི་དམར་ཤོག་འགོ་ཁྲིད་གཞོན་པ་ཞི་ཅེན་ཕེན་དེ་དམར་ཤོག་འགོ་ཁྲིད་རྗེས་མ་དེ་ཆགས་རྒྱུ་ཡིན་པ་ཚོད་དཔག་བྱེད་ཀྱི་ཡོད་ཅིང་པ་རེད། ཡང་ཧོན་ཀོང་དང་ཐེ་ཝན་གྱི་ཆབ་སྲིད་དབྱེ་ཞིབ་པ་ཚོས་བརྗོད་ན། རྒྱ་ནག་གི་འགོ་ཁྲིད་གོང་མ་དེ་ཚོའི་ལམ་སྲོལ་རྙིང་པ་ལྟར་དབུས་གཞུང་གི་འགོ་ཁྲིད་ཀྱི་གོ་གནས་རྩིས་སྤྲོད་བྱས་རྗེས་མུ་མཐུད་དེ་རྒྱ་ནག་གི་དམག་དོན་ལྷན་ཁང་གི་སྲིད་དབང་འཛིན་པའི་ལུགས་སྲོལ་ཡོད་པ་དེ། ཞི་ཆེན་ཕེན་ལ་དམག་དོན་གྱི་རྒྱབ་ལྗོངས་ཀྱི་ལོ་རྒྱུས་ཡོད་པ་གཞི་ལ་བཞག་ནས་ཧུའུ་ཅིན་ཐོ་ཡིས་གཅིག་བྱས་ན་རྒྱ་ནག་གྱི་དམག་དོན་ལྷན་ཁང་གི་འགོ་ཁྲིད་ཀྱི་གོ་གནས་ཀྱང་རྩིས་སྤྲོད་བྱ་ངེས་ཡིན་པ་ཚོད་དཔག་བྱེད་ཀྱི་ཡོད་འདུག
ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།
XS
SM
MD
LG