ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་པ་སངས། ༢༠༢༤/༠༣/༢༩

བཙོན་འཇུག་བྱས་པའི་ལས་འགུལ་བ་དང་ཆབ་སྲིད་ཀྱི་བཙོན་པར་འཕྲོད་བསྟེན་ལྟ་སྐྱོང་།


རྒྱ་ནག་གཞུང་གིས་ བཙོན་འཇུག་བྱས་ཏེ་ཡོད་པའི་ཐོབ་ཐང་དོན་གཉེར་བ་དང་ ཆབ་སྲིད་ཀྱི་བཙོན་པ་རྣམས་ལ་ སྨན་བཅོས་ཀྱིས་མཚོན་པའི་འཕྲོད་བསྟེན་ལྟ་སྐྱོང་གི་ཐོབ་ཐང་ངེས་པར་དུ་སྤྲོད་དགོས་པ་ཡིན་ཞེས་ ཨ་མི་རི་ཀའི་གྲོང་ཁྱེར་ནིའུ་ཡོག་ཏུ་རྟེན་གཞི་བྱེད་པའི་འགྲོ་བ་མིའི་ཐོབ་ཐང་ལྟ་རྟོག་ཚོགས་པས་དགོས་འདུན་བཏོན་པ་དང་སྦྲགས་ བཙོན་པའི་སྨན་བཅོས་ལྟ་སྐྱོང་གི་ཐོབ་ཐང་འཕྲོག་རྒྱུ་དེ་ནི་ མི་སྤྱོད་ལས་འདས་པའི་ཆེས་གདུག་རྩུབ་ཀྱི་བྱ་སྤྱོད་ཅིག་ཆགས་ཀྱི་ཡོད་པ་དེ་ནི་ གདུག་སྦྱོང་མནར་གཅོད་གཏོང་མི་ཆོག་པའི་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་གྲོས་མཐུན་ཆོད་ཡིག་ལ་བརྩི་མེད་བྱས་པ་ཞིག་རེད་ཅེས་གསུངས་ཡོད་འདུག

XS
SM
MD
LG