ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་མིག་དམར། ༢༠༢༤/༠༤/༡༦

ཧོ་ཐི་གྱེན་ལོག་པ་དང་ཡེ་མན་གྱི་སྲིད་འཛིན།


ཉེ་དུས་ཤིག་ནས་ཡེ་མན་གྱི་ཧོ་ཐི་ལས་འགུལ་ཚོགས་པའི་འཐབ་མོ་བ་ཚོས་སྲིད་གཞུང་ལ་གྱེན་ལོག་བྱས་ནས་ཟིང་འཁྲུག་བསླངས་ཡོད་ཅིང་། གཟའ་འཁོར་འདིར་ཧོ་ཐི་གྱེན་ལོག་པ་ཚོས་སྲིད་འཛིན་ཕོ་བྲང་དང་སྲིད་འཛིན་གྱི་བཞུགས་སྒར་གཉིས་མཐའ་སྐོར་ཏེ། སྲིད་འཛིན་ལས་ཁུངས་ཀྱི་འགན་འཛིན་མུ་བྷ་རཀ་གྱེན་ལོག་པའི་དམག་སྒར་ཞིག་ཏུ་བཀག་ཉར་བྱས་འདུག དེར་བརྟེན་ཡེ་མན་ལ་ཞི་བདེ་བརྟན་ལྷིང་མེད་པར་ནང་འཁྲུག་གི་རླུང་འཚུབ་དཀྱིལ་དུ་ཚུད་སྲིད་པའི་ཉེན་ཀ་བྱུང་རུང་། གཟའ་ཕུར་བུའི་ཉིན་ཡེ་མན་གྱི་ཧོ་ཐི་ལས་འགུལ་ཚོགས་པའི་འགོ་ཁྲིད་ཚོས་གསར་འགོད་གསལ་བསྒྲགས་སྤེལ་པ་ལྟར་ན། ཧོ་ཐི་ལས་འགུལ་ཚོགས་པ་དང་སྲིད་འཛིན་ཧ་དི་གཉིས་སྲིད་དབང་ཆ་བགོ་བྱ་རྒྱུའི་གྲོས་མཐུན་བྱུང་ཡོད། གྱེན་ལོག་པའི་འཐབ་མོ་བ་རྣམས་སྲིད་འཛིན་ཕོ་བྲང་དང་སྲིད་འཛིན་གྱི་བཞུགས་སྒར་མཐའ་འཁོར་ནས་ཉི་མ་ཉི་གསུམ་ཞིག་གི་ནང་དུ་ཕྱིར་འཐེན་བྱ་རྒྱུ་ཡིན། ཧོ་ཐི་ལས་འགུལ་ཚོགས་པའི་བཀག་ཉར་འོག་ཡོད་པའི་སྲིད་འཛིན་ལས་ཁུངས་ཀྱི་འགན་འཛིན་མུ་བྷ་རཀ་ཀྱང་ཉིན་ཤས་རྗེས་སུ་གློད་གྲོལ་གཏོང་རྒྱུ་ཡིན་ཞེས་ཕྱོགས་གཉིས་གྲོས་མཐུན་བྱུང་བ་ཁྱབ་བསྒྲགས་བྱས་པ་དང་། ཡེ་མན་གྱི་མི་འབོར་མང་ཆེ་བ་ཁ་ཆེའི་སུ་ཎི་ཆོས་རྒྱུད་ཀྱི་རྗེས་འབྲང་བ་ཡིན་པ་དང་། ཧོལ་ཐི་ལས་འགུལ་ཚོགས་པའི་རྒྱབ་སྐྱོར་པ་དང་འཐབ་མོ་བ་རྣམས་ཁ་ཆེའི་ཤི་ཡ་ཆོས་རྒྱུད་འཛིན་པའི་གྲངས་ཉུང་མི་རིགས་ཡིན་པས། ཁོ་ཚོར་སུ་ཎི་མི་རིགས་གྲངས་མང་གི་དབང་སྒྱུར་འོག་ཏུ་ཕྱོགས་གང་ཐད་དུ་ཐོབ་ཐང་འདྲ་མཉམ་ཞིག་འཐོབ་ཀྱི་མེད་པ་རེད།།

ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།

XS
SM
MD
LG