ངོ་འཕྲད་བདེ་བའི་དྲ་འབྲེལ།

སྤྱི་མཐུན་ཚོཊ་པའི་འཐུས་མི་ཚོས་རྒྱ་ནག་གི་དྲྭ་རྐུན་ལ་དམ་དྲག་བྱ་དགོས་ཟེར།


༄༅།། ཨ་མི་རི་ཀས་ཏོག་དབྱིབས་ནད་དུག་འགོག་བཅོས་ཀྱི་སྨན་ཁབ་གསར་པ་ཞིག་བཟོ་ཐབས་བྱེད་བཞིན་པའི་ཞིབ་འཇུག་གི་གྲུབ་འབྲས་རྣམས་རྒྱ་ནག་གི་དྲྭ་རྐུན་ཚོས་རྐུ་འཁྱེར་བྱ་ཐབས་བྱེད་བཞིན་འདུག སྲིད་འཛིན་ཌོ་ནལ་ཊམ་གྱིས་རྒྱ་ནག་གི་དྲྭ་རྐུན་ཚོར་དམ་དྲག་ནན་པོ་བྱ་རྒྱུའི་ལས་ཐབས་ཁག་ཅིག་ལག་ལེན་བསྟར་དགོས་ཞེས་ཨ་རིའི་སྤྱི་འཐུན་ཚོགས་པའི་གྲོས་ཚོགས་འཐུས་མི་ཁག་ཅིག་གིས་ནན་སྐུལ་ཞུས་ཡོད་ཅིང་། ཨ་རིའི་དབུས་ཞིབ་གཅོད་ལས་ཁང་གི་འགན་འཛིན་གྱིས་འདས་པའི་ལོ་བཅུ་ཕྲག་འགའ་ཤས་རིང་ཨ་མི་རི་ཀར་རྒྱ་ནག་གི་གསང་ཉུལ་བརྒྱ་ཆ་༡༣༠༠་མང་དུ་ཕྱིན་འདུག་ཅེས་གསུངས་ཡོད་པའི་སྐོར། གསར་འགྱུར་བརྒྱུད་ལམ་ཁག་ལ་ཐོན་པའི་གནས་ཚུལ་ཁག་ཅིག་བསྟན་འཛིན་ལྷུན་གྲུབ་ལགས་ཀྱིས་ཕབ་སྒྱུར་དང་སྙན་སྒྲོན་ཞུ་གནང་གི་རེད།།

ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།


XS
SM
MD
LG