ཨོས་ཀྲེ་ལི་ཡའི་གྲོས་ཚོགས་གོང་འོག་གིས་སྲིད་སྐྱོང་སྤེན་ཚེ་རིང་ལ་གུས་བསུ་ཞུས་པ།
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་ལགས་ཀྱིས་ཨོས་ཀྲེ་ལི་ཡའི་གྲོས་ཚོགས་གོང་འོག་གཉིས་ཀྱི་འཐུས་མི་དང་མཇལ་མོལ་གནང་འདུག་ཅིང་། སྐབས་དེར་གྲོས་ཚོགས་གོང་འོག་གཉིས་ནང་བོད་དོན་གྲོས་གཞི་ངོ་སྤྲོད་བྱས་པ་མ་ཟད། སྲིད་སྐྱོང་སྤེན་པ་ཚེ་རིང་ལགས་སུ་གུས་བསུ་ཞུས་འདུག་པའི་སྐོར་གྱི་གནས་ཚུལ་གསན་རོགས་གནང་།