རྒྱ་ནག་གཞུང་གིས་བོད་མི་རིགས་དབྱེ་འབྱེད་བྱེད་པའི་སྲིད་ཇུས་ཤིག་ལག་ལེན་བསྟར་ཏེ། བོད་ཀྱི་རྒྱལ་ས་ལྷ་སའི་རྒྱ་གཞུང་གི་ཉེན་རྟོགས་པ་ཚོས་ས་གནས་དེའི་མགྲོན་ཁང་ཁག་ལ་བོད་རང་སྐྱོངས་ལྗོངས་ཟེར་པའི་ཁོངས་སུ་ཡོད་པའི་ས་ཁུལ་ཆབ་མདོ་དང་སོག་རྫོང་། འབྲི་རུ་དང་སྦྲ་ཆེན་རྫོང་། དེ་བཞིན་བོད་རང་སྐྱོངས་ལྗོངས་ཀྱི་ཕྱི་ལོགས་སུ་ཡོད་པའི་བོད་པ་དང་ཞིན་ཅང་གི་མི་ཡུ་གུར་པ་སོགས་ཀྱི་འགྲུལ་པ་ཡོང་ན་སྔོན་ལ་ཉེན་རྟོགས་པར་བརྡ་རྒྱག་དགོས་ཞེས་བཀའ་བཏང་ཡོད་མོད། འོན་ཀྱང་རྒྱ་མི་ཚོར་དེ་ལྟར་བྱེད་མི་དགོས་ཅེས་བཀོད་འདོམས་བྱས་བརྗོད་ཡོད་ཅིང་། དབྱིན་ཡུལ་གྱི་བོད་རང་དབང་ལས་འགུལ་ཁང་གིས་རྒྱ་གཞུང་གི་སྲིད་ཇུས་དེ་མི་རིགས་དབྱེ་འབྱེད་ཅིག་རེད་ཅེས་སྐྱོན་བརྗོད་བྱས་འདུག་པའི་སྐོར། ཡེ་ཤེས་རྡོ་རྗེ་ལགས་ཀྱིས་ཕྱོགས་སྒྲིག་དང་སྙན་སྒྲོན་ཞུ་གནང་ཡི་རེད།