ངོ་འཕྲད་བདེ་བའི་དྲ་འབྲེལ།

༡༩༥༡་ལོར་རྒྱ་ནག་གིས་བསད་པའི་གསར་འགོད་པ་ཞིག་ལ་རྗེས་དྲན།


དེ་སྔོན་མའོ་ཙེ་ཏུང་གི་འགོ་ཁྲིད་འོག་ཏུ་རྒྱ་ནག་དམར་ཤོག་སྲིད་གཞུང་གིས་ཨ་རིའི་མཉམ་འབྲེལ་གསར་ཁང་གི་གསར་འགོད་པ་ཨ་སི་ཇཱོ་ཞེས་པ་ཞིག་ལ་ཕྱི་རྒྱལ་གྱི་གསང་ཉུལ་ཡིན་པའི་ནག་ཉེས་བཙུགས། སྤྱི་ལོ་༡༩༥༡་ལོར་རྒྱ་གཞུང་གིས་གསར་འགོད་པ་དེར་སྲོག་ཁྲིམས་བཅད་ནས་བསད་ཅིང་། ཁ་སང་རེས་གཟའ་ཕུར་བུའི་ཉིན་མཉམ་འབྲེལ་གསར་ཁང་གིས་རྒྱ་རིགས་གསར་འགོད་པ་འདས་པོ་དེའི་བུ་ཕྲུག་རྣམས་ནེའུ་ཡོཀ་གྲོང་ཁྱེར་དུ་གདན་འདྲེན་ཞུས་ནས་རང་སྲོག་ཤོར་པའི་གསར་འགོད་པ་དེར་ཆེ་བསྟོད་དང་རྗེས་དྲན་ཞུས་ཡོད་པའི་སྐོར། གསར་འགྱུར་བརྒྱུད་ལམ་ཁག་ལ་ཐོན་པའི་གནས་ཚུལ་རྣམས་བསྟན་འཛིན་ལྷུན་གྲུབ་ལགས་ཀྱིས་ཕབ་སྒྱུར་དང་སྙན་སྒྲོན་ཞུ་གནང་གི་རེད།

ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།


XS
SM
MD
LG