ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་ཕུར་བུ། ༢༠༢༤/༠༣/༢༨

ཧོང་ཀོང་ལ་གླུ་གཞས་ཀྱིས་ངོ་རྒོལ་མཚོན་ཐབས།


ཧོང་ཀོང་གི་ངོ་རྒོལ་བ་ཚོས་གསར་དུ་བརྩམས་པའི་གླུ་གཞས་ཤིག་མཉམ་གཏོང་བྱས་ནས་ཁྲོམ་གཞུང་དང་ཚོང་དོན་ལྟེ་གནས། ལུས་རྩལ་ཐང་སོགས་སུ་ལས་འགུལ་མུ་མཐུད་དུ་སྤེལ་བཞིན་ཡོད་ཅིང་། ལྷག་པར་དུ་གཟའ་མིག་དམར་གྱི་ཉིན་མོར་ཧོང་ཀོང་དང་ཨི་རན་གྱི་རྐང་རྩེད་སྤོ་ལོའི་རུ་ཁག་གིས་འཛམ་གླིང་རྐང་རྩེད་སྤོ་ལོའི་འགྲན་རྩོད་ལ་ཞུགས་ནས་འགྲན་སྡུར་བྱས་པའི་སྐབས་སུ་རྒྱ་ནག་གི་རྒྱལ་གླུ་བཏང་བར་མི་ཚོས་རྒྱབ་བསྟན་པ་དང་ངོ་རྒོལ་ལས་འགུལ་བའི་མཉམ་གཏོང་གླུ་གཞས་དེ་སྐད་ཤུགས་ཆེན་པོས་བཏང་བ་སོགས་བྱུང་ཡོད་པར་མ་ཟད། རྒྱ་ནག་གི་་ཕྱོགས་གཏོགས་པ་ཚོས་ངོ་རྒོལ་བར་ཁ་གཏད་ཀྱི་འདུ་འཛོམས་དང་ཕན་ཚུན་ཚིག་མཚོན་འདེབས་རེས་བྱས་པ་སོགས་བྱུང་ཡོད་པའི་སྐོར། གནས་ཚུལ་ཐོན་པ་ཁག་ཅིག་པ་སངས་དབྱངས་སྐྱིད་ཀྱིས་སྙན་སྒྲོན་ཞུ་ཡི་རེད།

ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།


XS
SM
MD
LG