ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་སྤེན་པ། ༢༠༢༤/༠༤/༢༠

ཧོང་ཀོང་གི་ངོ་རྒོལ་དང་ཕྱི་མི་གཞིས་ཆགས་པ།


ཧོང་ཀོང་ལ་རྒྱ་མི་རིགས་མ་ཡིན་པའི་ཕྱི་མི་གནས་སྤོར་བ་འབུམ་ལྔ་དང་ཁྲི་བརྒྱད་ཙམ་ཡོད་པ་དེ་དག་གིས་ད་ལྟའི་བར་དུ་ཧོང་ཀོང་མི་མང་གིས་གཞུང་ལ་ངོ་རྒོལ་གྱི་ལས་འགུལ་སྤེལ་བར་ལངས་ཕྱོགས་གསལ་པོ་ཞིག་བསྟན་མེད་ཅིང་། ད་ཆ་མང་པོ་ཞིག་གིས་ངོ་རྒོལ་བར་རྒྱབ་སྐྱོར་བྱེད་ཀྱི་ཡོད་ཀྱང་རང་ཉིད་ཕྱིར་ཕུད་འབྱུང་སྲིད་པའི་ཞེད་སྣང་བྱེད་ཀྱི་ཡོད་པ་དང་། མི་ཁག་ཅིག་གིས་ཧོང་ཀོང་གྲོང་ཁྱེར་གྱི་ཟང་ཟིང་གི་གནས་སྟངས་གང་མགྱོགས་མཇུག་བསྒྲིལ་ནས་རྒྱུན་ལྡན་གྱི་འཚོ་བ་རང་སོར་ཆུད་ཐུབ་པའི་རེ་ལྟོས་འཆང་བཞིན་ཡོད་པ་སོགས་ཕྱི་མི་གཞིས་ཆགས་པ་རྣམས་ཅི་བྱ་གཏོལ་མེད་དུ་གྱུར་ཡོད་པའི་སྐོར། འདི་ག་རླུང་འཕྲིན་ཁང་གི་གསར་འགོད་པས་གནས་ཚུལ་སྤེལ་བ་ཞིག་པ་སངས་དབྱངས་སྐྱིད་ཀྱིས་སྙན་སྒྲོན་ཞུ་ཡི་རེད།

ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།


XS
SM
MD
LG