ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་སྤེན་པ། ༢༠༢༤/༠༧/༢༧

ཧོང་ཀོང་གི་སྤྱི་ཁྱབ་པས་རང་བཙན་ལ་ཉེན་བརྡ་བཏང་བ།


ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།

རྒྱ་ནག་གཞུང་ལ་བློ་ཉེ་བ་དང་ཧོང་ཀོང་གི་མང་ཚོགས་ཁྲོད་དུ་དགའ་མོས་དེ་ཙམ་མ་ཐོབ་པའི་ད་ལྟའི་ཧོང་ཀོང་གི་གཞུང་འཛིན་སྤྱི་ཁྱབ་ལེན་ཀྲེན་དབྱིང་གིས་ཧོང་ཀོང་ལ་རང་སྐྱོང་གཙང་མ་དང་རང་བཙན་དགོས་པའི་ལས་འགུལ་སྤེལ་ན་ཧོང་ཀོང་གི་དཔལ་འབྱོར་དང་མ་རྩ་འཛུགས་འཇོག དེ་བཞིན་ལས་ཀའི་གོ་སྐབས་སོགས་ལ་གྱོང་གུད་ཆེན་པོ་འཕོག་རྒྱུའི་ཉེན་བརྟ་བཏང་ཡོད་པ་རེད། འདི་ནི་ཉེ་ཆར་ཧོང་ཀོང་གི་མི་རབས་གསར་པ་ཚོས་རང་སྐྱོང་གཙང་མ་དང་། དེ་མིན་ན་རང་བཙན་རྩོད་རྒྱུའི་ཆབ་སྲིད་ཀྱི་དགོས་དོན་ཤུགས་ཆེན་ཞིག་ཕྱིར་བསྒྲགས་བྱས་པའི་རྗེས་སུ་ཆབ་སྲིད་ཀྱི་འགལ་ཟླ་ཆེ་རུ་འགྲོ་བཞིན་པར་དམིགས་ནས་གཏམ་བཤད་སྤེལ་བ་ཞིག་ཆགས་ཀྱི་ཡོད་པ་རེད།།

XS
SM
MD
LG