ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་པ་སངས། ༢༠༢༤/༠༤/༡༩

ཧྥ་རན་སིའི་སྲིད་འཛིན་འོས་འདེམས།


གཟའ་ཉི་མའི་ཉིན་ཧྥ་རན་སིའི་སྲིད་འཛིན་འོས་འདེམ་སྐོར་ཐེངས་གཉིས་པའི་སྐབས་སུ་སྤྱི་ཚོགས་རིང་ལུགས་ཚོགས་པའི་སྲིད་འཛིན་འོས་མི། ཧྥང་སི་ཝ་ཨོ་ལོན་ཌེ་ལ་འོས་ཤོག་བརྒྱ་ཆ་༥༢་ཐོབ་པ་དང་། སྲིད་འཛིན་ལས་ཐོག་ཎི་ཁོ་ལ་སི་ཟར་ཁོ་ཟི་ལ་འོས་ཤོག་བརྒྱ་ཆ་༤༨་དང་གྲངས་ཆུང་༤་ལས་ཐོབ་མེད་པས། ཧྥང་སི་ཝ་ཨོ་ལོན་ཌེ་ལ་ཧྥ་རན་སིའི་སྲིད་འཛིན་འོས་འདེམ་གྱི་རྒྱལ་ཁ་ཐོབ་པ་དང་། ཁོང་གིས་ཡོ་རོབ་མཉམ་འབྲེལ་གྱི་ཁོངས་གཏོགས་རྒྱལ་ཁབ་ཁག་གི་གྲོན་ཆུང་བསྲི་ཚགས་ཀྱི་དཔལ་འབྱོར་སྲིད་ཇུས་རྒྱུན་འཁྱོངས་བྱ་འཆར་མེད་པ་ཟད། ཧྥ་རན་སི་གཞུང་གིས་ནུབ་ཆིངས་དམག་དོན་སྒྲིག་འཛུགས་ཁོངས་སུ་ཨབ་གྷ་ཎི་སི་ཐན་ལ་ཞི་བདེ་སྲུང་དམག་བཏང་ཡོད་པ་རྣམས་ཀྱང་སྔ་ཙམ་ཕྱིར་འཐེན་བྱ་འཆར་ཡོད་ཅེས་བཤད་ཡོད་པ་རེད།

XS
SM
MD
LG