ངོ་འཕྲད་བདེ་བའི་དྲ་འབྲེལ།

ཧོང་ཀོང་གི་གྲོས་ཚོགས་འཐུས་མི་ཚོས་ལིའུ་ཞའོ་པོའོ་ལ་བསྔགས་བརྗོད།


ཧོང་ཀོང་གི་གྲོས་ཚོགས་འཐུས་མི་ཚོས་ལིའུ་ཞའོ་པོའོ་ལ་བསྔགས་བརྗོད།

གཟའ་ལྷག་པའི་ཉིན་མོ་ཧོང་ཀོང་གི་གྲོས་ཚོགས་འཐུས་མི་ཚོས་རྒྱ་ནག་གཞུང་དང་ལྟ་བ་མ་མཐུན་པ་ནོའུ་བེལ་ཞི་བའི་གཟེངས་རྟགས་ཐོབ་མཁན་ལིའུ་ཞའོ་པའོ་འཕྲལ་དུ་བཙོན་ཁང་ནས་གློད་འགྲོལ་གཏོང་དགོས་ཞེས་་ཧོང་ཀོང་གྲོས་ཚོགས་ཀྱི་མཚན་ཐོག་ནས་རྒྱ་ནག་དབུས་གཞུང་ལ་སྙན་ཞུ་འབུལ་དགོས་པའི་སྐོར་གྱི་གྲོས་འཆར་ཞིག་ལ་གྲོས་གླེང་ཤུགས་ཆེ་གནང་ཡོད་པ་་དང་་སྐུ་ཞབས་ལིའུ་ཞའོ་པོའོ་གནང་ཕྱོགས་ཁག་གིས་རྒྱ་ནག་དམངས་གཙོར་འགྱུར་རྒྱུའི་བརྒྱུད་རིམ་ལ་ཤུགས་རྐྱེན་ཐེབས་རྒྱུ་རེད་ཅེསགསུངས་ཡོད་པ་རེད་ ཡིན་ནའང་ཐད་ཀར་འོས་འདེམས་ཀྱི་ཐོག་ནས་སླེབས་པ་མ་ཡིན་པའི་འཐུས་མི་མང་ཆེ་བས་ངོ་རྒོལ་བྱས་པའི་རྐྱེན་གྱིས་གྲོས་འཆར་དེ་ལ་མང་མོས་བྱུང་མེད་པ་རེད་ དེའི་སྐོར་གསར་འགྱུར་ཁག་ནང་གནས་ཚུལ་ཐོན་པ་ཞིག་པ་སངས་དབྱངས་སྐྱིད་ནས་སྙན་སྒྲོན་ཞུ་ཡིན།

XS
SM
MD
LG