ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་སྤེན་པ། ༢༠༢༤/༠༤/༢༠

གྲོས་ཚོགས་གོང་མས་སྲིད་འཛིན་ལ་ཁྲིམས་སྦྱོར་གསན་ཞིབ་དབུ་འཛུགས།


ཨ་མི་རི་ཀའི་སྲིད་འཛིན་ཌོ་ནལ་ཊམ་ལ་ཁྲིམས་སྦྱོར་ཉེས་འཛུགས་བྱས་པ་ཁག་ལ་གྲོས་ཚོགས་གོང་མས་དངོས་གཞིའི་གསན་ཞིབ་བྱ་རྒྱུ་དེ་རིང་གཟའ་མིག་དམར་ནས་དབུ་འཛུགས་གནང་རྒྱུ་ཡིན་ཞིང་། འདི་ནི་ཨ་རིའི་ལོ་རྒྱུས་སུ་སྲིད་འཛིན་ལ་ཁྲིམས་སྦྱོར་བྱས་པ་ཐེངས་གསུམ་པ་དེ་ཡིན་པ་རེད། དམངས་གཙོ་སྲིད་དོན་ཚོགས་པས་དམངས་གཙོའི་ལམ་ལུགས་དང་རྒྱལ་ཁབ་ཀྱི་བདེ་འཇགས་སྲུང་སྐྱོབ་ཆེད་དུ་སྲིད་འཛིན་ཊམ་ལས་ཐོག་ནས་ཕྱིར་ཕུད་གཏོང་དགོས་ཞེས་གསུང་གི་ཡོད་ཀྱང་སྲིད་འཛིན་ཊམ་གྱིས་རང་ལ་ཉེས་འཛུགས་ཕོག་པ་ཁག་ལ་ངོས་ལེན གནང་གི་མེད་པར་མ་ཟད། ཁོང་གི་ཁྲིམས་རྩོད་པ་ཚོས་དམངས་གཙོ་ཚོགས་པའི་ཉེས་འཛུགས་དེ་དག་ནི་སྲིད་འཛིན་ཊམ་ལ་བསྐྱར་དུ་འོས་འདེམས་ཀྱི་རྒྱལ་ཁ་འཐོབ་རྒྱུ་བཀག་འགོག་བྱ་རྒྱུའི་ཆེད་དུ་རེད་ཅེས་གསུང་གི་ཡོད་པ་སོགས་ཀྱི་སྐོར། པ་སངས་དབྱངས་སྐྱིད་ཀྱིས་སྙན་སྒྲོན་ཞུ་ཡི་རེད།

ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།


XS
SM
MD
LG