ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་པ་སངས། ༢༠༢༤/༠༤/༢༦

༧གོང་ས་མཆོག་གིས་ཏོག་དབྱིབས་རིམས་ནད་ལ་ཐོུང་གིས་གདོང་ལེན་བྱེད་དགོས་གསུངས་པ།


༄༅། །བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་དེང་འཛམ་གླིང་ནང་ཏོག་དབྱིབས་རིམས་ནད་ཀྱིས་མི་རྣམས་དཀའ་སྡག་མྱངས་དང་མྱོང་བཞིན་པ་དེ་ནས་རྣམ་པར་རྒྱལ་ཐབས་ལ་གོ་ལ་ཡོངས་ཆིག་བསྒྲིལ་གྱི་འགན་འཁུར་ལེན་དགོས་པ་ཡིན་ཞེས་གསུངས་འདུག དེ་ཡང་ཨ་རིར་རྟེན་གཞིས་བྱས་པའི་ཆིག་བསྒྲིག་གྱི་རེ་བསྐུལ་ཞེས་པའི་ཚོགས་པས་ཇི་ལྟར་གསོལ་འདེབས་ཞུས་པ་བཞིན། སྤྱི་ནོར་༸གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་གསུང་འཕྲིན་བསྩལ་གནང་མཛད་འདུག་པའི་ནང་ཤིན་ཏུ་གཉན་འཕྲང་ཆེ་བའི་དུས་སྐབས་འདིར་རང་ཅག་རྣམས་འགྲོ་བ་མིའི་ཁྱིམ་ཚང་གཅིག་གི་ནང་མི་ཡིན་སྙམ་པའི་འདུ་ཤེས་ཀྱིས་མཉམ་འབྲེལ་ཐོག་རིམས་ནད་དེར་གདོང་ལེན་བྱེད་དགོས་པ་དང་། ད་ལྟའི་དཀའ་རྙོག་འདི་དང་དེའི་འབྱུང་འབྲས་བཅས་ཉེན་བརྡར་ངོས་འཛིན་ཐུབ་པ་བྱས་ཏེ། མཉམ་སྦྲེལ་ཐོག་ཐོུང་གི་གདོང་ལེན་བྱེད་དགོས་པ་ཡིན་ཞེས་གསུངས་འདུག་པ་བཅས་ཀྱི་སྐོར། བཞུགས་སྒར་རྡ་རམ་ས་ལ་ནས་འདི་གའི་གསར་འགོད་པ་བསྟན་འཛིན་བཟང་མོ་ལགས་ཀྱིས་བཏང་བའི་གནས་ཚུལ་དེར་གསན་རོགས་གནང་།


XS
SM
MD
LG