ངོ་འཕྲད་བདེ་བའི་དྲ་འབྲེལ།

༧གོང་ས་མཆོག་ལ་འགོག་ཁབ་རིམ་པ་དང་པོ་བསྐྱོན་པ།


དེ་རིང་ཕྱི་ཟླ་༣ཚེས་༦ཉིན་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་དབུས་སྐུ་འཁོར་ཁྱོན་ ༡༡ ལ་བཞུགས་སྒར་རྡ་རམ་ས་ལའི་རྫོང་གི་སྨན་ཁང་Zonal དུ་ཞབས་སོར་འཁོད་ནས་སྔ་ཐོག་ཏོག་དབྱིབས་སྔོན་འགོག་གི་སྨན་ཁབ་ཕུལ་གནང་མཛད་ཡོད་ཅིང་། སྐབས་དེར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ནས་སྨན་ཁབ་བཞེས་གྲུབ་རྗེས་མང་ཚོགས་ཚོར་སྨན་ཁབ་བཞེས་རྒྱུ་གལ་ཆེ་ཡིན་སྐོར་བརྙན་པར་བརྒྱུད་གསུང་འཕྲིན་ཞིག་སྩལ་གནང་ཡོད་པ་རེད་ལ། སྨན་ཁང་གི་འབྲེལ་ཡོད་སྨན་པས་གསར་འགོད་པར་འགྲེལ་བརྗོད་གནང་པར། ༧གོང་ས་མཆོག་བཞུགས་ཡུལ་ཕོ་བྱང་དུ་བཅར་ནས་སྔོན་འགོག་སྨན་ཁག་ཕུལ་རྒྱུ་ཞུས་ཡོད་རུང་། སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་མོ་མཆོག་གིས་མང་ཚོགས་དཀྱུས་མ་བཞིན་སྨན་ཁང་དུ་སྔོན་འགོག་སྨན་ཁབ་བཞེས་པར་ཕེབས་རྒྱུའི་བཀའ་གནང་ཡོད་འདུག ད་རེས་ཕུལ་པའི་སྔོན་འགོག་སྨན་ཁབ་འདི་དབྱིན་ཡུལ་གྱི་ AstraZenecaནས་བཟོས་པ་འདི་རེད་འདུག

XS
SM
MD
LG