ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་མིག་དམར། ༢༠༢༤/༠༤/༡༦

༧གོང་ས་མཆོག་གི་བྱང་ཨ་མེ་རི་ཀའི་ཆིབས་སྒྱུར་དང་ཨ་རིའི་གྲོས་ཚོགས་གོང་མའི་ནང་བོད་དོན་གྲོས་ཆོད།


ཐེངས་འདིའི་ལས་རིམ་ནང་གཟའ་འཁོར་རྗེས་མ་ནས་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་བྱང་ཨ་མི་རི་ཀའི་ནང་དུ་ཆིབས་སྒྱུར་སྐུ་འདྲིན་བསྐྱངས་ཀྱི་ཡོད་པའི་སྐོར་ དང་རིའི་གྲོས་ཚོགས་གོང་མའི་ནང་དུ་བོད་དོན་ཐད་ལ་རྒྱབ་སྐྱོར་གྱི་དོན་ཚན་དྲུག་ ཅན་གྱི་གྲོས་ཆོད་ཞིག་བཞག་ཡོད་པའི་སྐོར་སོགས་ལ་བགྲོ་གླེང་ཞུ་ཡི་ཡིན། ལས་རིམ་ནང་དུ་ནིའུ་ཡོག་ནས་བྱང་ཨ་རིའི་སྐུ་ཚབ་དོན་གཅོད་སྐུ་ངོ་རྫ་ཡུལ་བླ་ོ བཟང་སྙན་གྲགས་ལགས་དང་ དེ་བཞིན་དུ་འདི་ཀ་རྒྱང་སྲིང་ཁང་གི་ནང་དུ་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་ གི་གཙོ་འཛིན་གཞོན་པ་བུ་ཆུང་ཚེ་རིང་ལགས་གདན་འདྲེན་ཞུས་ཡོད།

བརྙན་འཕྲིན་གཟིགས་ན། (Windows Media)

ཀུན་གླེང་ནི་འཁོར་སྐར་བརྒྱུད་ནས་བལྟ་ཐུབ་པ་དང་ རླུང་འཕྲིན་ཐོག་ཏུ་ཉན་ ཐུབ་པ་མ་ཟད། ད་དུང་དྲ་རྒྱ་བརྒྱུད་ནས་ཀྱང་དུས་ཐོག་ཏུ་བལྟ་ཉན་བྱེད་ཐུབ་པ་དང༌། བདུན་ཕྲག་རེའི་གཟའ་ལྷག་པ་དང་གཟའ་པ་སངས་ནམ་ཡིན་ལ་འཛམ་གླིང་གཅིག་གྱུར་གྱི་ཆུ་ ཚོད་༡༤་ནས་༡༥་བར་རམ། ཡང་ན་ལྷ་སའི་དགོང་མོའི་ཆུ་ཚོད་༡༠་ནས་༡༡་བར་དུ་ཀུན་གླེང་ལ་བལྟ་ཉན་ཐུབ་ཅིང༌། བོད་དང་རྒྱ་ནག་ནས་ཁ་པར་ཨང་གྲངས་༡༠༨༨༨༨་མནན་ཚེ། ཨེ་ཊི་ཨེན་ཊི་ཞེས་པའི་སྒྲ་ཞིག་ཐོས། དེའི་རྗེས་སུ་ཁ་པར་ཨང་གྲངས་༨༦༦ ༨༣༧ ༥༡༥༩ མནན་ན་སྐུ་ཉིད་ཀྱིས་རིན་པ་སྤྲོད་མི་དགོས་པའི་ཁ་པར་དེ་ང་ཚོར་འཕྲོད། ཨ་རི་དང་རྒྱལ་ཁབ་གཞན་ནས་༡ ༢༠༢ ༦༡༩ ༣༧༧༤ མནན་ནས་ཁ་པར་འབྲེལ་མཐུད་པར་རིན་པ་ཨ་རིའི་རླུང་འཕྲིན་ཁང་ལ་སྤྲོད་དུ་འཇུག་ དགོས་ཞེས་མངགས་བཀོད་བྱེད་ན་ཁ་པར་གྱི་རིན་པ་ང་ཚོས་སྤྲོད་ངེས་ཡིན། ཡང་ན་སྔོན་ནས་སྐུ་ཉིད་ཀྱི་མིང་དང་ཁ་པར་ཨང་གྲངས་ང་ཚོར་བསྐུར་ཚེ། ང་ཚོས་ཀུན་གླེང་གི་བགྲོ་གླེང་སྐབས་སུ་སྐུ་ཉིད་ལ་འབྲེལ་བ་བྱེད་ཆོག་པ་དང༌། གལ་ཏེ་སྐུ་ཉིད་ཀུན་གླེང་ལ་དངོས་སུ་མཉམ་ཞུགས་མི་ཐུབ་ཀྱང་ང་ཚོར་ tibetantv@voanews.com བརྒྱུད་ནས་ཨི་མེལ་གཏོང་བའམ། ཡང་ན་ཧཕེཀ་སི་ཨང་གྲངས་༡ ༢༠༢ ༣༨༢ ༥༥༩༦ བརྒྱུད་ནས་དྲི་བ་བསྐུར་གནང་ཡོད་པ་ཞུ།

XS
SM
MD
LG