ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་པ་སངས། ༢༠༢༤/༠༣/༢༩

བོད་ཀྱི་བརྙན་འཕྲིན་ཁང་སོགས་ལ་བསྔགས་བརྗོད།


༄༅།། ཕྱི་ཟླ་༢་པའི་ཚེས་༢༤་ཉིན་བོད་མིའི་སྒྲིག་འཛུགས་ཏོག་དབྱིབས་ནད་དུག་ཛ་དྲག་ལས་དོན་ཚོགས་ཆུང་གིས་བདུན་རེའི་གསར་འགོད་གསལ་བཤད་སྐབས་སུ་བོད་མིའི་སྒྲིག་འཛུགས་འཕྲོད་བསྟེན་ལས་ཁུངས་ཀྱི་དྲུང་ཆེ་དཔལ་ལྡན་དོན་གྲུབ་ཀྱིས་ཏོག་དབྱིབས་ནད་དུག་ཁྱབ་གདལ་དུས་སུ་བོད་ཀྱི་བརྙན་འཕྲིན་ཁང་གཙོས་གཞུང་དང་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཁག་གིས་བོད་པའི་སྤྱི་ཚོགས་སུ་ཏོག་དབྱིབས་ནད་དུག་སྔོན་འགོག་གི་གོ་རྟོགས་སྤེལ་བར་རྗེས་སུ་ཡི་རང་གི་བསྔགས་བརྗོད་བྱས་ཤིང་། ད་ལྟའི་ཆར་བདེ་ལེགས་སྨན་ཁང་གཙོས་ས་གནས་ཁག་གི་སྨན་ཁང་དུ་བགྲེས་སོང་དང་ནད་གཞི་ཡོད་མཁན་ཚོར་ལྟ་སྐྱོང་བྱ་དགོས་པའི་འབོད་སྐུལ་ཞུས་འདུག

ཁོང་གིས་ཕྱི་ཟླ་༡་པོའི་ནང་དུ་ཏོག་དབྱིབས་ནད་དུག་ཁྱབ་གདལ་གྱི་ཛ་དྲག་ཆེ་བའི་དུས་སུ་བོད་མིའི་སྒྲིག་འཛུགས་ཀྱི་ལས་བྱེད་པ་དང་བོད་པ་ཚོར་ལོ་གསར་པའི་དགའ་སྟོན་ལ་ཕར་འགྲོ་ཚུར་འོང་བྱ་རྒྱུ་མཚམས་འཇོག་བྱ་དགོས་ཞེས་སྲིད་སྐྱོང་གི་འབོད་སྐུལ་ཞུས་ཀྱང་ཏོག་དབྱིབས་ནད་དུག་འཇོམས་ཀྱི་ཡོད་པས་གསལ་བསྒྲགས་སྔོན་པ་དེར་འགྱུར་བ་ཕྱིན་པ་ཡིན། གཞུང་ཞབས་པ་ཚོས་བཟའ་མི་ལྷན་འཛོམས་ཀྱིས་ལོ་གསར་པའི་དགའ་སྟོན་ལ་རོལ་ཆོག ད་སྔ་ནད་ཡམས་ཡོངས་སུ་འཇོམས་མེད་པས་ལོ་གསར་དུས་སུ་འདུ་འཛོམས་ཆེན་པོའི་རིགས་ལ་སྔར་བཞིན་སྒེར་སོ་སོས་འཛེམ་ཟོན་བྱ་དགོས་ཞེས་ནན་བརྗོད་བྱས་འདུག སྨན་པ་བསྟན་འཛིན་རྣམ་གྲོལ་གྱིས་རྒྱ་གར་ལ་ནད་ཡམས་འཇོམས་ཡོད་ཀྱང་བོད་པ་ཚོས་ཏོག་དབྱིབས་ནད་དུག་སྔོན་འགོག་གི་ཐབས་ཇུས་རྣམས་མུ་མཐུད་དུ་བསྟེན་དགོས་ཞེས་ནན་སྐུལ་གནང་འདུག ད་ལྟའི་བར་དུ་འཕྲོད་བསྟེན་ལས་ཁུངས་ལ་ཐོ་འགོད་བྱུང་བར་གཞིགས་ན། རྒྱ་གར་དང་བལ་ཡུལ་གཉིས་སུ་མི་༩༡༡༤་ལ་ཏོག་དབྱིབས་ནད་དུག་འགོས་པ་དང་དམི་༨༨༨༩་དྲག་སྐྱེད། མི་༡༦༧་ལ་འཆི་སྐྱོན་དང་མི་༥༨་ལ་སྨན་བཅོས་བྱེད་བཞིན་ཡོད་པ་བཅས་ཀྱི་སྐོར། བཞུགས་སྒར་རྡ་རམ་ས་ལ་ནས་འདི་གའི་གསར་འགོད་པ་བསྟན་འཛིན་དབང་འདུས་ལགས་ཀྱིས་བཏང་བའི་གནས་ཚུལ་དེ་གསན་རོགས་གནང་།

ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།

XS
SM
MD
LG