ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་པ་སངས། ༢༠༢༤/༠༣/༢༩

གཞོན་ནུ་ཟས་བཅད་ངོ་རྒོལ་བའི་གཟུགས་ཁམས་ཀྱི་གནས་སྟངས།


བོད་མདོ་སྨད་རྔ་བ་ཀི་རྟི་དགོན་པར་རྒྱ་ནག་གིས་དྲག་གནོན་བྱེད་བཞིན་པའི་ཛ་དྲག་གི་གནས་སྟངས་ལས་སྐྱོབ་ཆེད། བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱིས་རྒྱ་གར་རྒྱལ་ས་ལྡི་ལི་རུ་ངེས་མེད་ཟས་བཅད་ངོ་རྒོལ་བྱས་ཏེ་ཉིན་བདུན་འགྲོ་བཞིན་ཡོད་པ་དང། ད་ལྟ་ཟས་བཅད་ངོ་རྒོལ་བྱེད་མཁན་གྱི་བོད་མི་རྣམས་ཀྱི་གཟུགས་གཞིའི་གནས་སྟངས་སྐོར་དང་དེ་བཞིན་ཟས་བཅད་ངོ་རྒོལ་བྱེད་མཁན་གྱི་མི་རྣམས་ཀྱིས་བོད་མིའི་སྐྱིད་སྡུག་མཉམ་མྱོང་གཞི་ལ་བཞག་ནས། རང་སྲོག་བློས་གཏོང་བྱས་ཏེ་ཟས་བཅད་ངོ་རྒོལ་བྱ་རྒྱུ་ཡིན་པ་ལ་སོགས་པའི་སྐོར་ལ་ས་གནས་ནས་འདི་ཀ་རླུང་འཕྲིན་ཁང་གི་གནས་ཚུལ་མཁོ་གཏོང་བ་ཚེ་རིང་དབང་རྒྱལ་ལགས་ཀྱིས་བཏང་ཡོང་བའི་གནས་ཚུལ་ཞིག་ལ་གནས་རོགས་གནང་།

XS
SM
MD
LG