༄༅།། ཨི་སི་རལ་དང་པ་ལི་སི་ཐན་གྱི་གྷ་ཟ་ས་གནས་སུ་འཐབ་འཁྲུག་ལངས་ཡོད་པ་ཞི་འཇགས་ཡོང་ཐབས་སུ་ཨ་མི་རི་ཀའི་སྲིད་འཛིན་ཇཱོ་བྷ་ཌན་གྱིས་གཟའ་ལྷག་པའི་ཉིན་ཨི་སི་རལ་གྱི་སྲིད་བློན་ལ་ཞལ་པར་ཐོག་ཏུ་བཀའ་མོལ་གནང་ཡོད་ཅིང་། གྷ་ཟ་ས་གནས་ཀྱི་ཧ་མ་སི་ཤོག་ཁག་གི་མཐོ་རིམ་དཔོན་རིགས་ཤིག་གིས་ཨི་སི་རལ་དང་ཧ་མ་སི་ཤོག་ཁག་གཉིས་ཀས་ཉིན་ཤས་ཀྱི་ནང་ཚུད་དུ་མེ་འཕེན་མཚམས་འཇོག་བྱེད་སྲིད་པ་ཞིག་ཡིན་ཞེས་བཤད་ཡོད་པ་སོགས་ཀྱི་སྐོར། རྒྱལ་སྤྱིའི་གསར་འགྱུར་བརྒྱུད་ལམ་ཁག་ཏུ་ཐོན་པའི་གནས་ཚུལ་དེ་ཕུན་ཚོགས་ཚེ་རིང་གིས་ཕྱོགས་བསྒྲིགས་ཀྱིས་སྙན་སྒྲོན་ཞུ་ཡི་རེད།།