ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་མིག་དམར། ༢༠༢༢/༠༥/༡༧

ཨུ་རུ་སུའི་དབང་རྩའི་ཚན་རིག་པ་ཚོས་ཐུགས་དམ་ཉམས་ཞིབ།


༄༅།། ཨུ་རུ་སུའི་ཚན་རིག་པ་དང་རྒྱ་གར་དུ་གནས་འཁོད་བོད་པའི་དགོན་སྡེ་ཁག་ཟུང་འབྲེལ་གྱིས་སྒོམ་དང་ཐུགས་དམ་ཉམས་ཞིབ་ཀྱི་ལས་འཆར་ཞིག་གཉེར་གྱི་ཡོད་ཅིང་། ཉེ་ཆར་ཨུ་རུ་སུའི་ཚན་རིག་སློབ་དཔོན་ཁག་ཅིག་རྒྱ་གར་ལྷོ་ཕྱོགས་མོན་གྷོ་འདོད་རྒུ་གླིང་དུ་ཕེབས་ནས་ཕྱི་ཚེས་༢༠་ཉིན་གདན་ས་དགའ་ལྡན་དང་འབྲས་སྤུངས་གཉིས་ཀྱི་སྐབས་གཉིས་པའི་ཉམས་ཞིབ་ཤེས་ཡོན་སྦྱོང་བརྡར་ཐོན་པའི་ཁོངས་ནས་དངོས་སུ་བཅར་བའི་ཉམས་ཞིབ་སློབ་མ་བཞི་ལ་ལག་འཁྱེར་གནང་འདུག སློབ་དཔོན་མེ་ཌི་ཝེ་དཱེབ་ཀྱིས་ལས་གཞི་དེར་གྲུབ་འབྲས་བཟང་པོ་འཐོན་བཞིན་ཡོད། ཚན་རིག་དང་ལུས་ཁམས་ཆགས་ཚུལ་ཐོག་ནས་བཤད་ན་ཐུགས་དམ་ཉམས་ཞིབ་བྱས་པ་དེས་མི་འདས་གྲོངས་སུ་གྱུར་པ་དང་ཐུགས་དམ་བཞུགས་པ་ཚོ་མི་འདྲ་བའི་ངོ་མཚར་ཅན་གྱི་ཁྱད་པར་ཞིག་འདུག་ཅེས་གསུངས་ཡོད་པའི་སྐོར། རྒྱ་གར་ལྷོ་ཕྱོགས་ནས་འདི་གའི་གསར་འགོད་པ་རྒྱལ་མཚན་ཆོས་གྲགས་ལགས་ཀྱིས་བཏང་བའི་གནས་ཚུལ་དེ་གསན་རོགས་གནང་།།

ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།

XS
SM
MD
LG