ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་པ་སངས། ༢༠༢༤/༠༤/༡༩

ཏང་གི་ཚོགས་ཆེན་དང་མགོན་པོ་ཚེ་རིང་གིས་རང་སྲེག་ངོ་རྒོལ།


ཁ་ས་ཚེས་༡༠ཉིན་ལ་བོད་མདོ་སྨད་བླ་བྲང་བཀྲ་ཤིས་འཁྱིལ་གྱི་ལྷ་སྡེ་ཡིན་པ་ཨ་མཆོག་སྨད་དམ་ཀླུ་ཤོད་ཡུལ་ཚོ་ནས་རང་ལོ་༡༩ཅན་གྱི་ན་གཞོན་མགོན་པོ་ཚེ་རིང་གིས་རང་ལུས་མེར་བསྲེགས་བཏང་ནས་འདས་གྲོངས་སུ་ཕྱིན་ཡོད་པ་དང་། མགོན་པོ་ཚེ་རིང་ནི་རྒྱ་ནག་གཞུང་གིས་ཏང་གི་ཚོགས་ཆེན་ཐེངས་བཅོ་བརྒྱད་པ་འཚོག་བཞིན་པའི་དུས་ཡུན་བདུན་ཕྲག་གཅིག་གི་རིང་ལ་བོད་མིས་རང་ལུས་མེར་བསྲེགས་བཏང་སྟེ་རྒྱ་ནག་གཞུང་ལ་ངོ་རྒོལ་བྱེད་མཁན་ཐེངས་བདུན་པ་དེ་ཆགས་ཡོད། འདིའི་སྐོར་ཚེ་རིང་སྐྱིད་ཀྱིས་སྙན་སྒྲོན་ཞུ་གནང་གི་རེད།
ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།
XS
SM
MD
LG