ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་ཕུར་བུ། ༢༠༢༤/༠༣/༢༨

མགོ་ལོག་འཇིགས་མེད་བསྐྱར་དུ་འཛིན་བཟུང་།


བོད་ཀྱི་མདོ་སྨད་བླ་བྲང་བཀྲ་ཤིས་འཁྱིལ་གྱི་གྲྭ་བ་མགོ་ལོག་འཇིགས་མེད་བསྐྱར་དུ་འཛིན་བཟུང་བྱས་ནས་གར་སོང་ཆ་མེད་དུ་གྱུར་པའི་གནས་ཚུལ་ཐོན་པ་དང་། ཉེ་ཆར་བླ་བྲང་བཀྲ་ཤིས་འཁྱིལ་དགོན་པར་ཡོད་པའི་མགོ་ལོག་འཇིགས་ཀྱི་གྲྭ་ཤག་ཀྱང་གཏོར་བཤིག་བཏང་སྟེ་ཁང་ས་སྔོག་བཤེར་བྱས་ཡོད་པ་མ་ཟད། མགོ་ལོག་འཇིགས་མེད་ཀྱིས་རྒྱ་ནག་གཞུང་ལ་བོད་ཀྱི་དབུ་ཁྲིད་སྤྱི་ནོར་༧གོང་ས་ཏཱ་ལའི་བླ་མ་མཆོག་གིས་ངོས་འཛིན་གནང་བའི་པཎ་ཆེན་སྐུ་ཕྲེང་བཅུ་གཅིག་པ་དངོས་སུ་སྟོན་དགོས་ཞེས་ཨུ་ཚུགས་བརྒྱབ་སྟེ་འཛིན་བཟུང་བྱས་པ་རེད་ཟེར་པའི་སྐད་ཆ་ཞིག་ཀྱང་སྤྱི་ཚོགས་སུ་ཁྱབ་བཞིན་ཡོད་ཅིང་། ཐོག་མར་ཕྱི་ལོ་༢༠༠༨་ལོར་མདོ་དབུས་ཁམས་གསུམ་གྱི་གངས་ཅན་པ་ཚོས་རྒྱ་ནག་གི་དབང་སྒྱུར་ལ་ངོ་རྒོལ་བྱས་ཏེ། མདོ་སྨད་བླ་བྲང་ས་ཁུལ་དུའང་སེར་སྐྱ་སྟོང་ཕྲག་མང་པོས་༧གོང་ས་མཆོག་གི་སྐུ་པར་དང་བོད་ཀྱི་རྒྱལ་དར་འཁྱེར་ནས་ངོ་རྒོལ་ཁྲོམ་སྐོར་བྱས་པ་དང་། རྒྱ་ནག་གཞུང་གིས་མགོ་ལོག་འཇིགས་མེད་༢༠༠༨་ཀྱི་བླ་བྲང་གི་ངོ་རྒོལ་ལ་འབྲེལ་བ་ཡོད་པ་དང་འཇིགས་བྲལ་ཞེས་པའི་གློག་བརྙན་རྒྱག་མཁན་གྱི་པར་པ་རེད་ཅེས་ནག་ཉེས་བཙུགས་ཏེ། ད་བར་རྒྱ་ནག་གཞུང་གིས་མགོ་ལོག་འཇིགས་མེད་སྔ་རྗེས་སུ་འཛིན་བཟུང་ཐེངས་གསུམ་བྱས་པ་དང་། ཁོང་ལ་བཀག་ཉར་སྐབས་སུ་རྡུང་རྡེག་ཚབས་ཆེན་ཕོག་སྟེ་ལུས་པོའི་རྩིབ་མ་འགའ་ཞིག་བཅགས་པའི་གནས་ཚུལ་ཐོན་ཡོད་པའི་སྐོར། རྡོ་རྗེ་ཚེ་བརྟན་གྱིས་བོད་མི་དམངས་སྤྱི་འཐུས་ཟུར་པ་གསེར་རྟ་ཚུལ་ཁྲིམས་འོད་ཟེར་ལགས་སུ་བཅར་འདྲི་ཞུས་པའི་གནས་ཚུལ་དེར་གསན་རོགས་གནང་།
ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།
XS
SM
MD
LG