ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་པ་སངས། ༢༠༢༤/༠༤/༢༦

འཇར་མན་གྱི་འགྲོ་བ་མིའི་ཐོབ་ཐང་འགན་འཛིན་གྱིས་ཀིརྟི་རིན་པོ་ཆེར་མཇལ་འཕྲད།


ཁ་སྔོན་ཕྱི་ཟླ་༣་ཚེས་ཤར་ནས་བཟུང་བཙན་བྱོལ་བོད་གཞུང་གི་ཆོས་རིག་བཀའ་བློན་ཟུར་པ་སྐྱབས་རྗེ་ཀིརྟི་རིན་པོ་ཆེ་ཡུ་རོབ་རྒྱལ་ཁབ་ཁག་ལ་ཕེབས་པ་དང་། ཁོང་གིས་བོད་ནང་གི་རང་ལུས་མེར་སྲེག་གི་ངོ་རྒོལ་དང་རྒྱ་གཞུང་གི་དྲག་གནོན་སྲིད་ཇུས་སོགས་རྒྱལ་སྤྱིའི་ཐོག་ཏུ་དྲིལ་བསྒྲགས་གནང་གི་ཡོད་ཅིང་། ཕྱི་ཟླ་༣་ཚེས་༡༨་ཉིན་འཇར་མན་ཎིའི་ཕྱི་སྲིད་ལྷན་ཁང་གི་འགྲོ་བ་མིའི་ཐོབ་ཐང་འགན་འཛིན་གྱིས་བཀའ་ཟུར་ཀིརྟི་རིན་པོ་ཆེར་མཇལ་འཕྲད་གནང་སྟེ། ཁོང་གིས་བོད་ནང་གི་ཛ་དྲག་གི་གནས་ཚུལ་དེ་ཚོར་འཇར་མན་ཎིའི་གཞུང་གིས་བློ་འཚབ་བྱེད་བཞིན་ཡོད་ཅེས་བཀའ་མོལ་གནང་ཡོད་པའི་སྐོར། རྡོ་རྗེ་ཚེ་བརྟན་གྱིས་སུད་ཛར་ལན་ཌར་བཅའ་སྡོད་བཙན་བྱོལ་བོད་གཞུང་གི་སྐུ་ཚབ་དོན་གཅོད་ཆོས་སྐྱབས་པ་ཚེ་བརྟན་བསམ་གྲུབ་ལགས་སུ་བཅར་འདྲི་ཞུས་པ་ཞིག་གསན་རོགས་གནང་།
XS
SM
MD
LG