ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་མིག་དམར། ༢༠༢༤/༠༣/༠༥

ཁམས་སྡེ་དགེ་རྫོགས་ཆེན་ས་ཁུལ་དུ་ངོ་རྒོལ།


ད་རིང་ཕྱི་ཚེས་༢༥་ཉིན་བོད་ཀྱི་མདོ་ཁམས་སྡེ་དགེ་རྫོང་། རྫོགས་ཆེན་ཤང་མི་དམངས་སྲིད་གཞུང་གི་མདུན་དུ་རྫོགས་ཆེན་དགོན་པའི་དགེ་མདུན་པ་དང་རྫོགས་ཆེན་སྡེ་བའི་མང་ཚོགས་བཅས་སེར་སྐྱ་མང་ཚོགས་བརྒྱ་ཕྲག་མང་པོས་ངོ་རྒོལ་བྱས་པ་དང་། རྒྱ་ནག་གཞུང་གིས་རྫོགས་ཆེན་ཤང་ལ་ཉེན་རྟོག་པ་བཀྲམ་ནས་རྫོགས་ཆེན་དགོན་པའི་དགེ་མདུན་པ་དང་མང་ཚོགས་ལ་སུན་གཙེར་དང་དྲག་གནོན་བྱེད་ཀྱི་ཡོད་པ་མཚམས་འཇོག་བྱ་དགོས་ཞེས་ཞུ་གཏུག་བྱས་འདུག་ཅིང་། ཡིན་འང་རྒྱ་ནག་གཞུང་གིས་ཞི་བའི་སྒོ་ནས་ཞུ་གཏུག་བྱེད་མཁན་སེར་སྐྱ་མང་ཚོགས་ལ་རྡུང་རྡེག་དང་འཛིན་བཟུང་། མི་ཁག་ཅིག་ལ་རྨས་སྐྱོན་ཕོག་པ་ཤེས་རྟོགས་ཐུབ་ཀྱང་མི་དེ་དག་ལ་སྲོག་སྐྱོན་བྱུང་ཡོད་མེད་ཀྱི་གནས་སྟངས་ཤེས་ཐབས་བྲལ་བ་སོགས་ཀྱི་སྐོར། ཚེ་རིང་སྐྱིད་ཀྱིས་བལ་ཡུལ་མདོ་སྟོད་རྒྱུན་ལས་རྫོགས་ཆེན་ལེགས་ལྡན་ལ་བཅར་འདྲི་ཞུས་པའི་གནས་ཚུལ་ཞིག་གསན་རོགས་གནང་།

XS
SM
MD
LG