ངོ་འཕྲད་བདེ་བའི་དྲ་འབྲེལ།

བསམ་བློ་གུ་ཡངས་ཀྱི་གཟེངས་རྟགས།


༄༅།། དེ་རིང་སྤྱི་ཚེས་༢༥་ཉིན་བོད་ཀྱི་མཛངས་མིའི་འགྲན་སྡུར་བཀོད་སྒྲིག་པ་དང་གསར་འགོད་པ་བློ་བཟང་དབང་རྒྱལ་གྱིས་ནོར་བུ་མགྲོན་ཁང་དུ་གསར་འགོད་ལྷན་ཚོགས་ཤིག་བསྐོངས་ནས་ལོ་འདིའི་བསམ་བློ་གུ་ཡངས་ཀྱི་གཟེངས་རྟགས་ཨ་རིའི་གྲོས་ཚོགས་འོག་མའི་ཚོགས་གཙོ་ནན་སི་ཕེ་ལོ་སི་ལ་ཕུལ་ཡོད་ཅིང་། བློ་བཟང་དབང་རྒྱལ་གྱིས་སྐབས་དེར་ནན་སི་ཕེ་ལོ་སི་ནི་འཛམ་གླིང་སྤྱི་ཡོངས་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་ཁོར་ཡུག སྤྱི་ཚོགས་ཀྱི་བདེ་འཇགས་བཅས་ལ་ཐུགས་སྣང་དང་བཀའ་མོལ་ཤུགས་ཆེན་གནང་མཁན་ཞིག་ཡིན་པར་མ་ཟད། ལྷག་པར་དུ་བོད་དོན་རྒྱབ་སྐྱོར་བ་གཙོ་གྲས་ཤིག་ཡིན་པ་བཅས་ཀྱིས་གཟེངས་རྟགས་འདི་ཕུལ་བ་ཡིན་ཞེས་བཀྲལ།།

ཁོང་གིས་གསར་འགོད་གསལ་བསྒྲགས་སྤེལ་བའི་དུས་སུ་ཨ་རིའི་གྲོས་ཚོགས་འོག་མའི་ཚོགས་གཙོ་ནན་སི་ཕེ་ལོ་སི་ལ་འབྲེལ་བ་བྱུང་མེད་པ་དང་རྡ་རམ་ས་ལའི་གྲོང་གསེབ་ཆུང་ཆུང་ཞིག་ནས་གཟེངས་རྟགས་འདི་འདྲ་ཞིག་ཕུལ་བ་ནི་ཁོང་གི་མཛད་རྗེས་ཁག་ལ་ངོས་འཛིན་དང་རྗེས་སུ་ཡི་རངས་ཞུ་བའི་ཆེད་དུ་ཡིན་ཞེས་བསྒྲགས་ཡོད་པའི་སྐོར། བཞུགས་སྒར་ནས་འདི་གའི་གསར་འགོད་པ་བསྟན་འཛིན་དབང་འདུས་ལགས་ཀྱིས་བཏང་བའི་གནས་ཚུལ་དེ་གསན་རོགས་གནང་།།

ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།


XS
SM
MD
LG