ངོ་འཕྲད་བདེ་བའི་དྲ་འབྲེལ།

མཱ་ཁའོ་ཡི་ཉེན་རྟོག་པས་དམངས་གཙོའི་འོས་བསྡུ་ཞིག་མཚམས་འཇོག་བྱེད་དུ་བཅུག་ཡོད་པ།


རྒྱ་ནག་གཞུང་གིས་དགག་པ་ཤུགས་ཆེ་རྒྱག་གི་ཡོད་ པར་མ་ལྟོས་པར། རེས་གཟའ་ཉི་མའི་ཉིན་དམངས་གཙོ་དོན་ གཉེར་བ་རྣམས་ཀྱིས་ཕྱི་ཟླ་བརྒྱད་པའི་ཚེས་༢༤ རེས་གཟའ་ ཉི་མའི་ཉིན། ད་ཡོད་འོས་བསྡུའི་ལམ་ལུགས་སུ་འགྱུར་བཅོས་ གཏོང་དགོས་མིན་གྱི་གནད་དོན་ཐད། མང་ཚོགས་ཀྱི་བསམ་ ཚུལ་བསྡུ་ལེན་གྱི་ཆེད་དུ་གཞུང་འབྲེལ་མ་ཡིན་པའི་འོས་བསྡུ་ ཞིག་བྱེད་པའི་སྐབས་སུ། མ་ཁའོ་ཡི་ཉེན་རྟོག་པ་རྣམས་ཀྱིས། འོས་བསྡུའི་ས་ཁུལ་ཁག་སྒོ་རྒྱག་ཏུ་བཅུག་པ་མ་ཟད། མི་གྲངས་ བཞི་འཛིན་བཟུང་བྱས་ཡོད་པའི་སྐོར་རྒྱལ་སྤྱིའི་གསར་གནས་ ཁག་ཏུ་ཐོན་པའི་གནས་ཚུལ་རྣམས་བྱང་ཆུབ་སྒྲོལ་མས་ཕྱོགས་ བསྒྲིགས་དང་སྙན་སྒྲོན་ཞུས་པ་ཞིག་གསན་གྱི་རེད།

ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།

XS
SM
MD
LG