དེ་སྔོན་སྤྱི་ལོ་༢༠༠༨ལོར་བྱས་པའི་བོད་མིའི་ཞི་རྒོལ་ཆེ་མོའི་སྐབས་འཛིན་བཟུང་བྱས་ཏེ་ ལོ་གསུམ་བཙོན་འཇུག་གི་ཁྲིམས་བཅད་བཏང་བའི་བོད་ཀྱི་ཆབ་སྲིད་ཀྱི་བཙོན་པ་ཞིག་ལ་ བཙོན་ཁང་གི་ནང་གདུག་སྦྱོང་མནར་གཅོད་དྲག་པོ་བཏང་བའི་རྐྱེན་གྱིས་ བཙོན་བཀྲོལ་བཏང་བའི་རྗེས་སུ་ཡང་ཁོང་གི་གཟུགས་གཞིའི་གནས་སྟངས་ཇེ་ཞེན་ཇེ་སྡུག་ཏུ་ཕྱིན་ནས་ ད་ལྟ་གནས་སྟངས་ཧ་ཅང་སྐྱོ་པོ་ཆགས་ཡོད་པའི་སྐོར་ ཉེ་དུས་རྒྱ་གར་དུ་བཙན་བྱོལ་ལ་འབྱོར་བའི་ཁོང་གི་ཚ་མོ་ཞིག་གིས་འགྲེལ་བརྗོད་བྱས་ཡོད་པའི་སྐོར་ གསར་འགྱུར་བརྒྱུད་ལམ་ཁག་གི་ཐོག་ཐོན་པའི་གནས་ཚུལ་རྣམས་ དཔལ་མོ་མཁས་གྲུབ་ཀྱིས་ཕྱོགས་བསྒྲིགས་དང་སྙན་སྒྲོན་ཞུ་གི་རེད།