ཚེས་༢༦ཉིན་བཀའ་ཟུར་ཨ་ལགས་འཇིགས་མེད་ལགས་སྐུ་བཤེགས་ཡོད་པའི་གནས་ཚུལ་ཐོན་ཡོད་ཅིང་། ཨ་ལགས་འཇིགས་མེད་ལགས་ཀྱིས་ལོ་ངོ་༡༣་རིང་བོད་མི་མང་གི་སྤྱི་འཐུས་གནང་མྱོང་བ་མ་ཟད། ༧རྒྱལ་བ་རིན་པོ་ཆེ་ཡི་སྐུ་ཚབ་ཚོགས་ཁོངས་སུ་བོད་དུ་ཕེབས་མྱོང་བ། ༧རྒྱལ་བ་རིན་པོ་ཆེ་ཡི་སྐུ་ཚབ་གནང་སྟེ་བལ་ཡུལ་དུ་པཎ་ཆེན་རིན་པོ་ཆེ་དང་མཇལ་འཕྲད་གནང་མྱོང་བ། དེ་བཞིན་བདེ་སྲུང་བཀའ་བློན་དང་རྩིས་ཞིབ་འགན་འཛིན་སོགས་གནང་མྱོང་བ་བཅས་ ཨ་ལགས་འཇིགས་མེད་ལགས་བོད་དུ་བཞུགས་སྐབས་ཀྱི་ལོ་རྒྱུས་དང་བཙན་བྱོལ་དུ་ཕེབས་ཏེ་ཕྱག་ལས་གང་གནང་བའི་ལོ་རྒྱུས་བཅས་ཨ་ལགས་འཇིགས་མེད་ཀྱི་ལོ་རྒྱུས་སྟོད་སྨད་གཉིས་སུ་དབྱེ་སྟེ། ཁོང་སྐུ་བཤེགས་རྗེས་ཐུགས་གསོའི་འཚམས་འཕྲིན་ཐོག་མ་གནང་མཁན་མདོ་སྨད་དབུས་རྒྱུས་ལས་ཁང་གི་ ཚོགས་གཙོ་བསྟན་པའི་དངོས་གྲུབ་དང་ ཨ་ལགས་འཇིགས་མེད་ལགས་དང་འབྲེལ་བ་ཟབ་མོ་ཡོད་པའི་རྡོ་རྗེ་དབང་ཕྱུག་ལགས་གཉིས་ལ་བཀའ་འདྲི་ཞུས་ཡོད་པའི་ཨ་ལགས་འཇིགས་མེད་ལགས་ཀྱི་སྐུ་ཚེའི་ལོ་རྒྱུས་ལ་གསན་རོགས་གནང་།
བཀའ་ཟུར་ཨ་ལགས་འཇིགས་མེད་ཀྱི་སྐུ་ཚེའིལོ་རྒྱུས།
