༄༅།། རྒྱ་གར་བྱང་ཕྱོགས་ཕུ་རུ་ཝའི་ས་སྐྱའི་མ་དགོན་དུ་ཕྱི་ཚེས་༡༧་ཉིན་ས་སྐྱ་ཁྲི་འཛིན་༤༣་པ་ཛྙ་ན་བཛྲ་རིན་པོ་ཆེར་ས་སྐྱ་ཁྲི་པའི་ཕྱག་ཐམ་དགྱེས་སྩལ་གྱི་རྟེན་འབྲེལ་མཛད་སྒོའི་སྐབས་སུ་ས་སྐྱ་གོང་མ་ཁྲི་ཆེན་རིན་པོ་ཆེས་ཁྲི་འཛིན་གོང་མ་རཏྣ་པཛྲ་རིན་པོས་ཁྲི་པའི་མཚན་གནས་བཞེས་པའི་རིང་ལ་བསྟན་པའི་དོན་དུ་ཐུགས་ཁུར་ཧུར་སྐྱེད་གནང་བར་མངགས་བརྗོད་གནང་ཡོད་ཅིང་། ད་རེས་གསར་དུ་ཕེབས་པའི་ཁྲི་འཛིན་༤༣་ཛྷ་ན་བཛྲ་རིན་པོ་ཆེ་གཙོས་མ་འོངས་པར་ས་སྐྱའི་ཁྲི་འཛིན་དུ་ཕེབས་མཁན་འཁོན་གདུང་གཞན་རྣམས་ཀྱིས་ཀྱང་བསྟན་པའི་དོན་དུ་ཐུགས་ཁུར་ཆེས་བཞེས་གནང་དགོས་པའི་ལམ་སྟོན་གནང་འདུག་པའི་སྐོར། འདི་གའི་གསར་འགོད་པ་བསྟན་འཛིན་ནོར་བཟང་ལགས་ཀྱིས་བཏང་བའི་གནས་ཚུལ་དེ་གསན་རོགས་གནང་།།