ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་སྤེན་པ། ༢༠༢༤/༠༤/༢༠

ཨེ་ཤི་ཡའི་མི་རིགས་བུད་མེད་༦་ཚུད་པའི་མི་༨་བསད་པ།


༄༅།། ཨ་མི་རི་ཀའི་མངའ་སྡེ་འཇོར་ཇཱི་ཡའི་གྲོང་ཁྱེར་ཨེ་ཊི་ལན་ཊར་གཟའ་མིག་དམར་གྱི་ཕྱི་དྲོར་མི་རིགས་དཀར་པོའི་ན་གཞོན་ཞིག་གིས་ཕུར་མཉེ་ཁྲུས་ཁང་གསུམ་གྱི་ཨེ་ཤི་ཡའི་མི་རིགས་ལས་བྱེད་པ་བུད་མེད་༦་ཚུད་པའི་ཁྱོན་བསྡོམས་མི་༨་ལ་མེད་མདའ་བརྒྱབ་ནས་བསད་ཡོད་ཅིང་། དེང་སང་ཨ་མི་རི་ཀར་ཨེ་ཤི་ཡའི་མི་རིགས་ལ་སྡང་ཟུག་གིས་རྡུང་རྡེག་འཕོག་རྒྱུ་ཇེ་མང་དུ་འགྲོ་བཞིན་ཡོད་པར་མ་ཟད། སྔ་ལོའི་ཕྱི་ཟླ་གསུམ་པ་ནས་འདི་ལོའི་ཕྱི་ཟླ་གཉིས་པའི་བར་དུ་ཨ་རི་རྒྱལ་ཡོངས་སུ་ཨེ་ཤི་ཡའི་མི་རིགས་ལ་སྡང་འཛིན་གྱི་ཀུན་ནས་བསླངས་ཏེ་རྒོལ་རྡུང་ཕོག་པའི་གནས་ཚུལ་ཐེངས་༣༧༩༥་བྱུང་ཡོད་པ་སོགས་ཀྱི་སྐོར། ཨ་མི་རི་ཀའི་གསར་འགྱུར་བརྒྱུད་ལམ་ཁག་ལ་ཐོན་པའི་གནས་ཚུལ་དེ་ཕུན་ཚོགས་ཚེ་རིང་གིས་སྙན་སྒྲོན་ཞུ་ཡི་རེད།།

ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།


XS
SM
MD
LG