ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་སྤེན་པ། ༢༠༢༤/༠༤/༢༠

༢༠༢༠་ལོའི་འོས་བསྡུར་ཨུ་རུ་སུས་ཐེ་གཏོགས་བྱ་ཐབས།


༄༅།། སྲིད་འཛིན་ཇཱོ་བྷ་ཌན་ལ་བརྙན་འཕྲིན་བཅར་འདྲི་ཞུས་པ་ཞིག་རེས་གཟའ་ལྷག་པའི་ཉིན་རྒྱང་སྲིང་ཞུས་ཡོད་ཅིང་། སྲིད་འཛིན་བྷ་ཌན་གྱིས་༢༠༢༠་ལོའི་ཨ་མི་རི་ཀའི་སྲིད་འཛིན་འོས་འདེམས་ལ་ཨུ་རུ་སུའི་གཞུང་གིས་ཐེ་གཏོགས་བྱ་ཐབས་བྱས་འདུག ཨུ་རུ་སུའི་སྲིད་འཛིན་ཕུ་ཀྲིན་གྱིས་ཌོ་ནལ་ཊམ་ལ་འོས་འདེམས་ཀྱི་རྒྱལ་ཁ་འཐོབ་ཐབས་དང་བྷ་ཌན་ལ་གནོད་ཐབས་བྱས་ཡོད་པར་མཇུག་འབྲས་ཚབས་ཆེན་ཞིག་མྱོང་དགོས་ཐུག་རྒྱུ་རེད་ཅེས་ཉེན་བརྡ་བཏང་མོད། འོན་ཀྱང་སྲིད་འཛིན་བྷ་ཌན་གྱིས་ཨ་མི་རི་ཀས་ཨུ་རུ་སུར་ཉེས་ཆད་ཅི་ཞིག་གཅོད་རྒྱུ་ཡིན་མིན་གསལ་བཀྲོལ་བྱས་མེད་པའི་སྐོར། རྒྱལ་སྤྱིའི་གསར་ཤོག་ཁག་ལ་ཐོན་པའི་གནས་ཚུལ་རྣམས་ནམ་མཁའ་བསྟན་འཛིན་གྱིས་ཕབ་སྒྱུར་དང་སྙན་སྒྲོན་ཞུ་རྒྱུ་རེད།།

ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།


XS
SM
MD
LG