ངོ་འཕྲད་བདེ་བའི་དྲ་འབྲེལ།

ཨ་རིའི་ཕྱི་སྲིད་དྲུང་ཆེས་རྒྱ་ནག་ལ་ཉེན་བརྡ་བཏང་བ།


ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།

ཕྱི་སྲིད་དྲུང་ཆེས་ཉི་ཧོང་དུ་རྒྱ་ནག་ལ་སྐྱོན་བརྗོད་དང་བོད་གནས་གླེང་སློང་།

༄༅།། ཨ་མི་རི་ཀའི་ཕྱི་སྲིད་དྲུང་ཆེ་བྷ་ལིན་ཁེན་གྱིས་རྒྱ་ནག་གིས་བཙན་དབང་དང་དྲག་ཤུགས་བཀོལ་རྒྱུ་མཚམས་འཇོག་བྱེད་དགོས་ཞེས་རེས་གཟའ་མིག་དམར་ཉིན་ཉེན་བརྡ་བཏང་འདུག ཁོང་ཕྱི་རྒྱལ་ལ་འཚམས་འདྲི་ཐེངས་དང་པོར་ཕེབས་ཡུལ་ནི་ཨེ་ཤི་ཡའི་ཨ་མི་རི་ཀའི་མཐུན་ཕྱོགས་རྒྱལ་ཁབ་ཉི་ཧོང་དང་ལྷོ་ཀོ་རི་ཡ་གཉིས་ཡིན་ཞིང་། དེང་སྐབས་རྒྱ་ནག་ཕྱོགས་གིས་བཙན་དབང་དང་དྲག་ཤུགས་བཀོལ་རྒྱུ་ཤུགས་ཆེ་རུ་འགྲོ་བཞིན་པར་ཨ་མི་རི་ཀས་ཁ་གཏད་གཅོག་རྒྱུ། དེ་བཞིན་ཨ་མི་རི་ཀས་རང་གི་ཨེ་ཤི་ཡའི་མཐུན་ཕྱོགས་རྒྱལ་ཁབ་གཉིས་ལ་རྒྱབ་སྐྱོར་ཡོད་པ་སྟོན་ཐབས་སུ་ཉི་ཧོང་དང་ལྷོ་ཀོ་རི་ཡར་ཕེབས་པ་ཞིག་ཡིན་པའི་སྐོར། རྒྱལ་སྤྱིའི་གསར་འགྱུར་བརྒྱུད་ལམ་ཁག་ལ་ཐོན་པའི་གནས་ཚུལ་རྣམས་ཀུན་བཟང་སྒྲོལ་མས་ཕབ་སྒྱུར་དང་སྙན་སྒྲོན་ཞུ་རྒྱུ་རེད།།

ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།


XS
SM
MD
LG