ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་མིག་དམར། ༢༠༢༤/༠༣/༡༩

མགོ་ལོག་ཁུལ་དུ་སེར་བ་དང་ཆར་པ་བབས་ཏེ་ཆུ་ལོག་བརྒྱུགས།


༄༅།། ཕྱི་ཚེས་༡༨་ཀྱི་ཉིན་གུང་ཡས་མས་སུ་བོད་ནང་གི་མགོ་ལོག་ཁུལ་གྱི་རྫོང་ཁག་ཁ་ཤས་ལ་སེར་བ་དང་ཆར་པ་དྲག་པོ་བབས་ཏེ་མི་རྒྱུ་ཟོག་གསུམ་ལ་གནོད་འཚེ་ཆེན་པོ་ཕོག་ཡོད་ཅིང་། དེ་ཡང་མིང་དངོས་སུ་བརྗོད་འདོད་མེད་པའི་ས་གནས་དེའི་བོད་པ་ཞིག་གིས་འདི་གའི་གསར་འགོད་པར་བརྙན་པར་དང་གནས་ཚུལ་མཁོ་སྤྲོད་བྱས་པ་ལྟར་ན། ཁ་སང་ནས་གནམ་ངོ་འཐིབས་ཏེ་སེར་བ་ཆུང་ཆུང་ཞིག་འབབ་འགོ་ཚུགས་སོང་། དེ་རིང་སྔོན་ཆད་བབས་མྱོང་མེད་པའི་སེར་བ་དང་ཆར་པ་ཤུགས་ཆེན་པོ་ཞིག་བབས་ཏེ་ཆུ་ལོག་གི་གནོད་འཚེ་ཕོག ཆུ་ལོག་རྒྱུག་ཡུལ་ཁག་ནི་སྐྱེ་དགུ་མདོ་གཙོ་བོར་གྱུར་བའི་མགོ་ལོག་འཛོ་གན་ར་བ་དང་ནག་ཆུ་རྨ་སྟོད། ཆིག་སྒྲིལ། པད་མ། དར་ལག དགའ་བདེ། འབའ་རྫོང་། ཁྲི་ཀ ཟི་ལིང་བཅས་ཡིན་ཞིང་། ཆུ་ལོག་གིས་རྐྱེན་པས་རི་ཉིལ་ཏེ་ལམ་འགགས། མི་དང་རླངས་འཁོར་རྣམས་ཆུས་ཁྱེར་ཏེ་མི་རྒྱུ་གཉིས་ཀར་གནོད་འཚེ་ཆེན་པོ་ཕོག་འདུག་ཅེས་འགྲེལ་བརྗོད་བྱས་འདུག

གསར་འགྱུར་མཁོ་སྤྲོད་པས་མུ་མཐུད་དུ་བཤད་པ་ལྟར་ན། ས་གནས་མང་པོར་མི་དང་ཕྱུགས་ཟོག ཁང་པ་བཅས་ཆུས་ཁྱེར་འདུག་ཀྱང་མི་དང་ཕྱུག་ཟོག་ཅི་ཙམ་ལ་འཆི་སྐྱོན་བྱུང་ཡོད་མེད་ཀྱི་གྲངས་ཚད་ཏག་ཏག་ཅིག་ཤེས་རྟོགས་བྱུང་མ་སོང་། གང་ལྟར་མི་རྒྱུ་གཉིས་ལ་གྱོང་གུན་ཆེན་པོ་ཐེབས་ཡོད་པ་ནི་ཚང་མས་ཤེས་ཐུབ་པ་ཞིག་རེད། ས་གནས་ཀྱི་སྲིད་གཞུང་ཁག་གིས་ལམ་འགགས་ཏེ་ལུས་ཡོད་པའི་མི་རྣམས་སྐྱོབ་ལེན་དང་རླངས་འཁོར་ཆུས་ཁྱེར་ཏེ་འཆི་སྐྱོན་བྱུང་བ་དག་གི་ཕུང་པོ་དབོར་འདྲེན། འབྲོག་ས་ཁག་གི་ཁང་པ་རྩ་མེད་སོང་བ་དང་ཕྱུགས་ཟོག་མང་པོར་འཆི་སྐྱོན་བྱུང་བ། མི་མང་པོར་རྨས་སྐྱོན་ཕོག་ཡོད་པ་རྣམས་མྱུར་སྐྱོབ་བྱེད་བཞིན་འདུག ད་ལོ་མ་གཏོགས་སེར་བ་དང་ཆར་པ་ཤུགས་ཆེན་པོི་འདི་འདྲ་ཞིག་ཧ་ལམ་བབས་མྱོང་ཡོད་རྒྱུ་རེད་ཅེས་འགྲེལ་བརྗོད་བྱས་འདུག

འདི་གར་ས་གནས་དེའི་འབྲེལ་ཡོད་མི་སྣ་ཚོས་འདྲ་པར་དང་བརྙན་ཐུང་ཁག་ཅིག་བཏང་བ་དེའི་ནང་དུ་ཆུ་ལོག་གིས་གཞུང་ལམ་འགགས་ཡོད་པ་དང་རླངས་འཁོར་ཆུས་ཁྱེར་འགྲོ་བ། ཡུལ་མིའི་ཁང་པའི་ནང་དུ་ཆུས་ཁེངས་པ། ཁང་པ་ལོག་པ་དང་ཆུ་ལོག་ཤུགས་དྲག་ཆེན་པོ་རྒྱུག་བཞིན་པ། མི་ཚོས་སྡུག་སྐད་རྒྱག་བཞིན་པ་སོགས་མཐོང་ཐོག་འབྱུང་རྒྱུ་ཡོད་ཅིང་། ཉེ་ཆར་ཕྱི་ཟླ་༥་ཚེས་༢༢་ཉིན་མགོ་ལོག་ཁུལ་ལ་ས་ཡོམ་ཤུགས་ཚད་༧་༤་ཅན་ཞིག་བརྒྱབ་སྟེ་མི་རྒྱུ་ཟོག་གསུམ་ལ་གནོད་འཚེ་ཆེན་པོ་ཕོག ཕྱི་ཟླ་༥ཚེས་༢༦་ཉིན་རྒྱ་ནག་གཞུང་གིས་གཉེར་བའི་མཚོ་སྔོན་བོད་སྐད་དྲྭ་ལམ་དུ་ཐེངས་འདིའི་ས་ཡོམ་གོད་ཆག་སྐབས་སུ་ཁྱོན་བསྡོམས་རྨ་སྟོད་རྫོང་དང་རྨ་ཆེན་རྫོང༌། པདྨ་རྫོང༌། དགའ་བདེ་རྫོང་། དར་ལག་རྫོང༌། ཡུས་ཧྲུའུ་ཁུལ་གྱི་ཆུ་དམར་ལེབ་རྫོང༌། ཁྲི་འདུ་རྫོང་བཅས་རྫོང་ཁག་བདུན་དང་ཡུལ་ཚོ་བཞི་བཅུ། མི་༣༧༥༢༡་ལ་གནོད་པ་ཐེབས། ཕྱི་ཟླ་༥་པའི་ཚེས་༢༥་བར་དུ་མི་ལ་རྨས་སྐྱོན་ཕོག་པའི་གནས་ཚུལ་གསར་པ་བྱུང་མེད་ཅིང་། ༢༠༢༡་ལོའི་ཟླ་༥་ཚེས་༢༥་བར་དུ་ཚད་རིམ་གསུམ་ཡན་ཆད་ཀྱི་ས་ཡོམ་ཐེངས་༤༦་བྱུང་སོང་ཞེས་གནས་སྤེལ་ཡོད་པའི་བཅས་ཀྱི་སྐོར། རྒྱ་གར་ལྷོ་ཕྱོགས་ནས་འདི་གའི་གསར་འགོད་པ་རྒྱལ་མཚན་ཆོས་གྲགས་ལགས་ཀྱིས་བཏང་བའི་གནས་ཚུལ་དེ་གསན་རོགས་གནང་།།

ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།


XS
SM
MD
LG