ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་ཕུར་བུ། ༢༠༢༤/༠༣/༢༨

བོད་མིའི་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ལྔས་བལ་ཡུལ་གཞུང་ཚབ་ཁང་ལ་ཞུ་ཕུལ།


ཉེ་སྔོན་བོད་པའི་ལོ་གསར་གྱི་སྐབས་བལ་ཡུལ་ནང་གྲུབ་ཆེན་ཚེ་རིང་ལགས་ཀྱིས་རྒྱ་ནག་གིས་བོད་ལ་འཛིན་པའི་སྲིད་བྱུས་ལ་ངོ་རྒོལ་བྱ་རྒྱུར་རང་ལུས་མེར་སྲེག་བཏང་སྟེ་འདས་གྲོངས་སུ་གྱུར་བའི་སྐབས་ བལ་ཡུལ་གཞུང་གིས་ཁོང་གི་སྐུ་ཕུང་བཙན་འཕྲོག་བྱས་ཏེ་ད་དུང་ཡང་བོད་མི་ལ་རྩིས་སྤྲོད་བྱས་མེད་སྟབས་ སྤྱི་ཟླ་གསུམ་པའི་ཚེས་ཉི་ཤུ་ལྔའི་ཉིན་ རྒྱ་གར་གྱི་རྒྱལ་ས་ལྡི་ལི་ཁུལ་གྱི་བོད་མིའི་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཁག་ལྔས་བལ་ཡུལ་གྱི་གཞུང་ཚབ་ཁང་ལ་ཁོང་གི་སྐུ་ཕུང་རྩིས་སྤྲོད་དགོས་པའི་ཞུ་ཡིག་ཕུལ་ཡོད་པའི་སྐོར་ འདི་ག་རླུང་འཕྲིན་ཁང་གི་གསར་འགྱུར་མཁོ་གཏོང་བ་ ཚེ་རིང་དབང་རྒྱལ་ལགས་ཀྱིས་ལྡི་ལི་གསར་པ་ནས་བཏང་བའི་གནས་ཚུལ་ཞིག་གསན་རོགས་གནང་།
ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།
XS
SM
MD
LG