ངོ་འཕྲད་བདེ་བའི་དྲ་འབྲེལ།

༧གོང་ས་མཆོག་གིས་ཨབ་ཏབ་ཀརྨ་ཕུ་རེ་ཝལ་ལ་དགའ་བསུའི་འཚམས་འདྲི།


༄༅།། བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་ཏཱ་ལའི་བླ་མཆོག་གིས་ ཕྱི་ཚེས་༤་ཉིན་བོད་པ་དང་རྒྱ་གར་བའི་མི་རིགས་འདྲེས་མའི་རྒྱུད་པ་ཨབ་ཏབ་ཀརྨ་ཕུ་རེ་ཝལ་སྔ་ལོ་ཨ་མི་རི་ཀའི་ཨོ་ཧ་ཡོ་མངའ་སྡེའི་སིན་སི་ནེ་ཊི་གྲོང་ཁྱེར་གྱི་སྤྱི་ཁྱབ་ལ་འདེམས་ཐོན་བྱུང་ཞིང་། ཁོང་གིས་གཟའ་མིག་དམར་ཉིན་ལས་ཁུར་དམ་བཅའ་བཞག་པར་དགའ་བསུའི་ཕྱག་བྲིས་ཤིག་གནང་བར་ཧ་ཅང་དགའ་ཚོར་ཆེན་པོ་བྱུང་འདུག་སྐོར། གསར་འགྱུར་བརྒྱུད་ལམ་ཁག་ཏུ་ཐོན་པའི་གནས་ཚུལ་དང་གྲོང་ཁྱེར་སྤྱི་ཁྱབ་ཨབ་ཏབ་ཀརྨ་ཕུ་རེ་ཝལ་ལ་ཐད་ཀར་བཅའ་འདྲི་ཞུས་པའི་གནས་ཚུལ་དེ་ཚེ་བརྟན་ཆོས་སྒྲོན་ལགས་ཀྱིས་ཕབ་སྒྱུར་དང་སྙན་སྒྲོན་ཞུ་གནང་གི་རེད།།

ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།


XS
SM
MD
LG